དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ཞིང་ལས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་གིས།

    བྱེད་ཐབས་སྣ་ཚོགས་སྤྱད་དེ་མི་རིགས་མཐུན་སྒྲིལ་ལས་དོན་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-22

    ད་ཕན་ལོ་ཤས་རིང་ཞིང་ལས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་གིས་རྒྱུན་བསྲིང་ལྷོད་མེད་ངང་མི་རིགས་མཐུན་སྒྲིལ་འཛུགས་གཏོད་ལས་དོན་དེ་ཏང་འཛུགས་སྐྱོང་དང་ལས་སྒོའི་གཉེར་སྐྱོང་ལས་དོན་དང་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། དངུལ་ཁང་དེའི་མི་རིགས་མཐུན་སྒྲིལ་ལས་དོན་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྤེལ་བར་མུ་མཐུད་སྐུལ་འདེད་བཏང་ནས། དུས་རབས་གསར་པའི་ཞིང་ལས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་རེད།

    “བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་+མི་རིགས་མཐུན་སྒྲིལ་ཡར་ཐོན”གྱི་བྱེད་སྒོ་སྤེལ་ཞིང་། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་སོགས་དུས་ཆེན་དང་མཚམས་ཚིགས་གལ་ཆེན་སྤྱད་དེ། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས་རྒྱལ་ལམ་109“གནམ་འོག་གི་ལམ་སྐྱོང་ས་ཚིགས་དང་པོ”དང་རྩྭ་ཐང་གི་དཔའ་བོ་སྤུས་དག་གི་དྲན་གསོ་ཁང་སོགས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་བསྐྱོད་དེ། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས། ལས་བྱེད་པ་དང་ལས་བཟོ་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱས་པ་རེད།

    མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ལས་དངུལ་ཁང་གི་གཏམ་རྒྱུད་ཡག་པོ་བརྗོད་ཅིང་། “དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་བརྗོད་དེ། ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ”བརྗོད་དོན་གཙོ་བོར་བྱས་ཤིང་། དངུལ་ཁང་དེར་ཕྱོགས་ནས་ཞིང་ལས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་དཔེ་མཚོན་གྱི་བྱས་རྗེས་བསྡུ་ལེན་རྒྱ་ཁྱབ་བྱས་པ་དང་། རྒྱལ་ཡོངས་ཀྱི་ཡིག་གཟུགས་ཉིན་མོ་དང་དེ་བཞིན་རྒྱལ་ཡོངས་ཀྱི་པར་རྒྱག་ཉིན་མོ་གོ་སྐབས་སུ་བྱས་ཏེ། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པ་འཛུགས་གཏོད་ཧུར་ཐག་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་པར་རྒྱག་དང་། ཡིག་གཟུགས། རི་མོ་སོགས་བསྡུ་ལེན་བྱེད་སྒོ་སྤེལ་བར་རིགས་ཁག་གི་བརྩམས་ཆོས་170ལྷག་ཙམ་བསྡུས་ནས། ཞིང་ལས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་གི་རིམ་ཁག་ལས་བྱེད་པ་དང་ལས་བཟོ་ཚོས་དབུལ་སྒྲོལ་འགག་སྒྲོལ་དང་། གྲོང་གསེབ་དར་རྒྱས། དངུལ་རྩ་མཐའ་སྲུང་སོགས་ཁྱབ་ཁོངས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།