ལྷོ་ཁ་གྲོང་ཁྱེར་གྱིས།
མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་བ།
2023ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་ཏང་གི་མི་རིགས་ལས་དོན་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་རྐང་ལ་བརྩིས་ནས་ལྗོངས་ཏང་ཨུད་ཀྱི“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས”བཀོད་སྒྲིག་བླང་བྱར་དམ་པོར་དམིགས་ཏེ། གྲོང་ཁྱེར་དང་རྫོང(ཆུས་དང་གྲོང་ཁྱེར)རིམ་པ་གཉིས་ཀྱི་ནོར་སྲིད་མ་དངུལ་སྒོར་ཁྲི་1000དང་སྒོར་ཁྲི་2050.3མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་དྲིལ་བསྒྲགས་སློབ་གསོ་དང་། གཟེངས་བསྟོད་བྱ་དགའ། དམངས་ལ་བྱ་བ་དངོས་སྒྲུབ་པ་བཅས་ཀྱི་ཐད་སྤྱད་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོ་སྤུས་ཚད་མཐོ་པོས་སྤེལ་བས། “རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར”ལ་གྲུབ་འབྲས་ཐོབ་པའི་ངང་བདམས་ཏེ་མི་རིགས་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།
2023ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སེམས་ལ་ཟུག་པའི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ཏེ། ལོ་ཧྲིལ་པོར་རིམ་རྩིས་བྱས་ན་སྒྲོག་འགྲེལ་བྱེད་སྒོ་ཐེངས་ཁྲི་1.1སྤེལ་བར་མང་ཚོགས་མི་ཐེངས་ཁྲི་100ལ་སློབ་གསོ་ཐེབས་པ་དང་། དྲིལ་བསྒྲགས་སྦྱར་ཡིག་5600ལྷག་ཙམ་དང་རི་ལྡེབས་ཀྱི་དྲིལ་བསྒྲགས་སྦྱར་ཡིག་ཆེ་གྲས་16བཟོས་པ། སྨྱན་སྦྱོར་བརྒྱུད་གསར་འགྱུར་ཁག་2200ལྷག་ཙམ་གཏོང་སྤེལ་བྱས་ཡོད། “མོས་སེམས་ལྔ”ཟབ་གཏོང་གི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ཏེ། 《ཡར་ཀླུང་བཀྲ་ཤིས་ཞོལ་པའི》ལྷ་མོ་སོགས་ཕུལ་བྱུང་རིག་གནས་ཤུལ་བཞག་ཁག་5རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་མིང་གཞུང་ནང་ཚུད་པ་དང་། 《ལྷོ་ཁའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་ལེགས་བསྒྲིགས》བཟོས་པ། གར་སྟེགས་ཟློས་གར《ཡིད་ཆེས། ཏང་གི་འོད་ཟེར་མཐའ་མཚམས་སུ་འཕྲོས》བརྩམས་པ་མ་ཟད། རྒྱལ་ཡོངས་སུ་དྲིལ་བསྒྲགས་ཁྱབ་གདལ་བཏང་བ། “བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས—ལྷོ་ཁའི་ཆེད་དོན་འགྲེམས་སྟོན”གཉེར་ནས“ཀྲུང་ཧྭའི་རིག་གནས་དང་བོད་ནི་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས”དངོས་ལྗོངས་དང་དངོས་རིགས་བརྒྱུད་གང་ལེགས་མངོན་པར་བྱས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“གཤམ་སྤེལ་དགུའི”བྱེད་སྒོ་སྒྲིག་འཛུགས་བྱས་ནས་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་ཁག་ཐེངས་1790ལྷག་ཙམ་སྤེལ་བར་ཞུགས་མཁན་མི་ཐེངས་ཁྲི་10.1ཟིན་ཡོད་པ་རེད།