དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • 2024ལོར་མཚོ་སྔོན་གྱིས་གཞུང་བཙུགས་བུ་བཅོལ་ཁང་དང་སློབ་གྲྭ་50གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-21

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་4ཚེས་11ཉིན། གསར་འགོད་པར་2024ལོའི་དམངས་འཚོའི་བྱ་བ་དངོས་ཀྱི་ལས་གྲྭའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། འདི་ལོར་མཚོ་སྔོན་ཞིང་ཆེན་གྱིས་སློབ་གསོ་དོ་མཉམ་འདུ་འགོད་ལག་ལེན་བསྟར་རྩིས་ཡོད་ཅིང་། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་གྱི་དམིགས་ཚད་གཏན་འཁེལ་བྱས་ཏེ་དུས་མཚམས་ཁག་གི་སློབ་གསོ་རྒྱ་སྐྱེད་དང་སྤུས་ཚད་ལེགས་གཏོང་གི་གཙོ་གནད་ལས་འགན་ལ་དམིགས་ནས། སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་མཐོར་གཏོང་གི་བྱ་སྤྱོད་འཆར་གཞི་དང་། འོས་འགན་སློབ་གསོའི་ཉམས་ཞན་ལྷུ་ཚིགས་ལེགས་གཏོང་དང་འཇོན་ཐང་མཐོར་གཏོང་འདུ་འགོད། སློབ་འབྲིང་དཀྱུས་མ་འཕེལ་རྒྱས་མཐོར་གཏོང་བྱ་སྤྱོད་དང་ལས་རིགས་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་གཏོང་ཚད་གཞིའི་འདུ་འགོད་བཅས་ལག་བསྟར་གཏིང་ཟབ་བྱས་ཏེ། མཚོ་སྔོན་གྱི་རང་བྱུང་བཟོ་སྐྲུན་རིག་པ་སློབ་ཆེན་དང་མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་འཛུགས་པའི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་ཅིག་ནུས་ཤུགས་ཡོད་རྒུས་ཆགས་པར་བྱས་ཏེ་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་རྒྱུ་ཡིན་པ་རེད།

    མཚོ་སྔོན་ཞིང་ཆེན་གྱིས་སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་མཐོར་གཏོང་བྱ་སྤྱོད་འཆར་གཞིར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་གཞུང་བཙུགས་བུ་བཅོལ་ཁང་10གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱས་ཏེ་ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་ཁྱབ་ཚད་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་། འོས་འགན་སློབ་གསོའི་ཉམས་ཞན་ལྷུ་ཚིགས་ལེགས་གཏོང་དང་འཇོན་ཐང་ཆེར་གཏོང་འདུ་འགོད་ལག་ལེན་བསྟར་ནས་འོས་འགན་སློབ་གསོའི་སློབ་གྲྭ་30གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱ་རྒྱུ། མཐོ་སློབ་དཀྱུས་མ་འཕེལ་རྒྱས་མཐོར་གཏོང་གི་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་ནས་སློབ་གྲྭའི་སྤུས་ལེགས་ཐོན་ཁུངས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ནས། སློབ་གྲྭ་10གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱས་ཏེ་སློབ་གསོའི་ཐོན་ཁུངས་ཀྱི་སྤྱི་འབོར་རྒྱ་སྐྱེད་དང་མང་དུ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།