དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་སྤྱིའི་ཞིང་ལས་མཉམ་འབྲེལ་ཟབ། འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་བྱེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-21

    “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ཚུན། ཀྲུང་གོ་དང་མཉམ་སྐྲུན་རྒྱལ་ཁབ་ཀྱིས་ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་བསྐྲུན་པ་ནས་ཐོན་སྐྱེད་དང་། ལས་སྣོན། འཁོར་རྒྱུག་སོགས་ལྷུ་ཚིགས་ཁག་གི་མཉམ་ལས་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་སྟེ། གོ་ལ་ཧྲིལ་པོའི་ཞིང་ལས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་བདེ་འཇགས་དང་བརྟན་ལྷིང་ལ་མཉམ་དུ་སྲུང་སྐྱོང་བྱས་ཤིང་། མི་རྣམས་ཀྱི་ངོ་གདོང་ནས་འཕྱུར་བའི་དགའ་བའི་འཛུམ་མདངས་དང་། རེ་བའི་ཞིང་སར་སྨིན་པའི་འབྲས་བཟང་། མུ་ཏིག་བསྟར་ལ་བརྒྱུས་འདྲའི་ཞིང་ལས་ལས་སྣོན་བཟོ་གྲྭ་བཅས་ལས་རྒྱལ་སྤྱིའི་ཞིང་ལས་མཉམ་ལས་ཀྱི་དར་རྒྱས་རྣམ་པ་མངོན་བཞིན་མཆིས།

    ས་ཁོད་བསྙམས་ནས་རྨོ་གྲབས་བྱེད་པ། ཀྲུང་གོ་དང་ལོ་སིས་མཉམ་ལས་བྱས་པའི་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་ཚོད་ལྟའི་ས་ཚིགས་སུ་ཞིང་ལས་སྐྱེ་དངོས་ཀྱི་ས་བོན་གསར་པ་ཚོད་ལྟ་དཔེ་སྟོན་དང་། ལག་རྩལ་གསར་པ་ཁྱབ་གདལ། ཞིང་ལས་ལག་རྩལ་གསོ་སྦྱོང་བཅས་གཞི་གཅིག་ཅན་གཅིག་སྡུད་བྱས་ཏེ་ལོ་སིར་ཞིང་ལས་ལག་རྩལ་གསར་པ་དང་ས་བོན་གསར་པ་ཁྱབ་གདལ་དང་སྤྱོད་པར་རྒྱབ་སྐྱོར་བྱས་ཤིང་། འདི་ནི་ཚོད་ལྟའི་ས་ཚིགས་ཀྱི་ལས་དོན་པས་སྲན་ཆེན་འདེབས་འཛུགས་དཔེ་སྟོན་རྟེན་གཞིར་ས་ཁོད་སྙོམ་བཞིན་པ།

    ཞིང་ཆུ་གཏོང་བ། ཐན་ཙན་ནི་ཡའི་སང་ཀེ་པར་གྱི་ཆུ་འདྲེན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ནི་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་མངའ་འོག་ཆུ་ཤུགས་གློག་ཁང་ཅུས་དགུ་པས་བསྐྲུན་པ་ཞིག་རེད། རྣམ་གྲངས་ཀྱིས་ཞིང་ཆུ་གཏོང་བའི“མཐའ་མའི་འགག་གནད”བཤངས་ནས་ས་གནས་དེ་གའི་འབྲུ་རིགས་ཐོན་འཕར་དང་ཞིང་པའི་འབབ་འཕར་ལ་རམ་འདེགས་བྱས་ཤིང་། འདི་ནི་སང་ཀེ་པར་གླིང་ཕྲན་གྱི་ཞིང་ཁ་ཡིན་པ།

    ཞིང་ལས་ལས་སྣོན། ཀྲུང་གོ་འབྲུ་རིགས་ཚོགས་པའི་མངའ་འོག་ཀྲུང་གོ་འབྲུ་སྣུམ་ཚན་རིག་ལས་གྲྭ་མ་རྐང་ཚད་ཡོད་ཀུང་སིས་ཙན་པི་ཡར་རོགས་སྐྱོར་བྱས་པའི་ཨ་ཤོམ་ཕྱེ་མ་བཟོ་གྲྭས་ཐོན་སྐྱེད་བྱེད་ཚད་ཉིན་རེར་ཏུན་240ཟིན་པ་དང་རྣམ་གྲངས་རྩིས་སྤྲད་རྗེས་ས་གནས་དེ་གའི་འབྲུ་རིགས་མཁོ་འདོན་དང་། འབྲུ་རིགས་ཀྱི་རིན་གོང་བརྟན་པོ་ཡོང་བ། ལས་ཞུགས་ཀྱི་གོ་སྐབས་གཏོད་པ་སོགས་འགན་ལེན་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་བཏོན་ཞིང་། འདི་ནི་ཨ་ཤོམ་ཐོན་སྐྱེད་བཟོ་གྲྭའི་ཕྱིའི་རྣམ་པ་ཡིན་པ།

    ཞིང་ལས་ལག་རྩལ་མཉམ་ལས། ཀྲུང་གོས་ཏོ་སྨི་ནི་ཁན་ལ་རོགས་སྐྱོར་བྱས་པའི་ཞིང་ལས་ལག་རྩལ་མཉམ་ལས་རྣམ་གྲངས་2005ལོར་འགོ་ཚུགས་པ་དང་ད་བར་དུས་ཐེངས་བརྒྱད་སྤེལ་ཡོད། རྣམ་གྲངས་དེས་ཟུར་བསྣན་རིན་ཐང་མཐོ་བའི་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་མང་པོ་ནང་འདྲེན་བྱས་པར་བརྟེན་ཏོ་སྨི་ནི་ཁན་གྱི་ཞིང་ལས་ཐོན་ལས་རིམ་སྤོར་ལ་སྐུལ་མ་ཐེབས་ཤིང་། འདི་ནི་ཀྲུང་ཏོ་རྒྱལ་ཁབ་གཉིས་ཀྱི་ཞིང་ལས་རིགས་གཅིག་མཁས་ཅན་གྱིས་ལྗང་པ་སྐྱེ་ཚུལ་ལ་ལྟ་ཞིབ་བྱེད་བཞིན་པ།

    ཆུ་ཡུར་བཟོས་ནས་ཆུ་འདྲེན་པ། ཀྲུང་གོ་སྲིད་གཞུང་གིས་ཁེར་གྷི་སི་ཐན་ལ་རོགས་སྐྲུན་བྱས་པའི་ཆུ་འདྲེན་མ་ལག་སྒྱུར་བཀོད་རྣམ་གྲངས་ཀྲུང་གོ་ལྕགས་ལམ་ཅུས་ལྔ་པ་ཚོགས་པ་ཚད་ཡོད་ཀུང་སིས་བསྐྲུན་པ་ཞིག་རེད། རྣམ་གྲངས་ལག་བསྟར་བྱས་པར་བརྟེན་ས་གནས་དེ་གའི་ཞིང་ཁ་མང་པོ་ཞིག་སྐྱ་ཐེར་དུ་གྱུར་པའི་གནད་དོན་ཐག་གཅོད་བྱུང་བ་མ་ཟད། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་གོ་སྐབས་དེ་བས་མང་བ་བཏོད་ཅིང་། འདི་ནི་སྒྱུར་བཀོད་བྱས་རྗེས་ཀྱི་པཱ་ཐེ་ཁེན་ཀྲོའུ་ཡི་ཆུ་འདྲེན་ཁུལ་དང་པོའི་ཆུ་ཡུར་ཡིན་པ།

    མེ་ཏོག་སོས་པ་ཕྱིར་གཏོང་བྱེད་པ། ད་ཕན་ལོ་ཤས་རིང་། མེ་ཏོག་སོས་པ་ནི་ཁེན་ནི་ཡས་ཀྲུང་གོར་ཕྱིར་གཏོང་བྱེད་པའི་ཞིང་ལས་ཐོན་རྫས་གཙོ་བོའི་གྲས་ཡིན་ཞིང་། འདི་ནི་ཁེན་ནི་ཡ་ནེ་ཝ་ཧྲ་ཆུ་ངོགས་ཀྱི་མེ་ཏོག་ཞིང་རར་མེ་ཏོག་འདེབས་མཁན་ཞིང་པས་མེ་ཏོག་འཐོག་བཞིན་པ།

    དེང་རབས་འཕྲུལ་ཆས་ཞིང་ནང་དུ་སྤྱོད་པ། ཞིང་ལས་ཐོན་སྐྱེད་ནང་དེང་རབས་ཅན་གྱི་ཞིང་འཕྲུལ་སྒྲིག་ཆས་སྤྱད་པར་བརྟེན་ཞིང་ལས་ཐོན་སྐྱེད་ཀྱི་ལས་ཆོད་ཆེ་རུ་ཕྱིན་ཞིང་། འདི་ནི་ཧིན་རྡུ་ཉི་ཞི་ཡའི་ནུབ་ཀྲའོ་ཝ་ཞིང་ཆེན་ཁཱ་ལཱ་དབང་རྫོང་གི་ཆུ་འབྲས་ཚོད་ལྟའི་ཞིང་ཁར་ཀྲུང་གོས་ཐོན་སྐྱེད་བྱས་པའི་མི་མེད་གནམ་གྲུས་འབུ་སྨན་སྟོར་བཞིན་པ།

    ཤ་མོ་འདེབས་སྟངས་བསླབ་པ། ཀྲུང་གོ་སྲིད་གཞུང་གིས་ཧྥི་ཅི་སོགས་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ལ་ཤ་མོ་འདེབས་པའི་ལག་རྩལ་ཁྱབ་གདལ་བཏང་ནས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་མ་ཟད། ས་གནས་དེ་གའི་དམངས་འཚོ་ལེགས་སུ་བཏང་ཞིང་། འདི་ནི་ཧྥི་ཅི་ནཱ་ཐཱ་ཤིས་ལི་དཀར་ཆུའི་ལས་རིགས་ཀྱི་བུད་མེད་རྩ་འཛུགས་ཀྱི་ཤ་མོའི་ལག་རྩལ་དཔེ་སྟོན་ས་ཚིགས་སུ་ཕྲུ་གུ་ཚོས་ཤ་མོ་འཐུ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།