དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་མང་པོའི་ཐད་ནས་བདེ་ཐང་འགན་ལེན་དྲ་བ་ཚགས་དམ་དུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-20

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། གསར་འགོད་པར་2024ལོའི་དམངས་འཚོའི་བྱ་བ་དངོས་ཀྱི་འདུ་འགོད་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་བདེ་ཐང་མཚོ་སྔོན་གྱི་འདུ་འགོད་དང“རྒན་གཅིག་གཞོན་གཅིག”གི་འདུ་འགོད་ལག་ལེན་བསྟར་ནས། བདེ་སྲུང་སྔོན་འགོག་དང་། རིམས་ནད་བརྟག་བཅོས། དྲག་སྐྱེད་ནད་སྐྱོང་སོགས་ཕྱོགས་མང་པོའི་ཐད་ནས་བདེ་ཐང་འགན་ལེན་དྲ་བ་ཚགས་དམ་དུ་གཏོང་རྒྱུའི་འཆར་གཞི་ཡོད་པ་རེད།

    མཚོ་སྔོན་ཞིང་ཆེན་གྱིས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་མང་དུ་གཏོང་བ་དང་ས་ཁོངས་དོ་སྙོམས་བཀོད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་དང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ས་ཁོངས་སྨན་བཅོས་ལྟེ་གནས། མཚོ་ཤར་གྲོང་ཁྱེར་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་བཅས་ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས་གསུམ་གྱིས་རྣམ་གྲངས་འཛུགས་སྐྲུན་ལས་འགན་གྱི་50%དང་། 30% 50% 80% 80%བཅས་སོ་སོར་ལེགས་སྒྲུབ་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་ཁག་སྨན་བཅོས་སྒྲིག་གཞིའི་ནད་ཐོག་སྨན་བཅོས་ཀྱི་བརྟག་དཔྱད་བྱས་འབྲས་ཕན་ཚུན་ཁས་ལེན་བྱེད་པའི་ལས་དོན་དེ་རྒྱུན་གཏན་གྱི་ལྟ་འདོམས་ནང་དོན་ནང་བཅུག་པ་མ་ཟད། ཕན་ཚུན་ཁས་ལེན་སྒྲིག་གཞི་སྟབས་བསྟུན་ལེགས་སྒྲིག་ཀྱང་བྱས་ནས་མང་ཚོགས་ཀྱིས་སྨན་པ་བསྟེན་སྐབས་བརྟག་དཔྱད་ཡང་ཡང་བྱེད་དགོས་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱ་རྒྱུ་དང་། སྨན་རྫས་དང་སྨན་སྤྱོད་ཟད་གྲོན་རྒྱུ་ཆ་གཅིག་སྡུད་འབོར་བཅད་ཉོ་སྒྲུབ་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་ནས། ཁྲོམ་རའི་ལུགས་མཐུན་རིན་གོང་གི་ཁྱབ་ཁོངས་ནང་རིན་གོང་གཏན་འཁེལ་ཏན་ཏིག་བྱ་རྒྱུ། སྨན་བཅོས་འགན་བཅོལ་སྒྲུབ་གཉེར་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། སྨན་བཅོས་འགན་སྲུང་གི་རྨང་གཞིའི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་བ་དང་། སྨན་རིན་བསྡོམས་རྩིས་སྒུལ་བདེའི་གཏོང་སྤྲོད་དང་ལག་ཐོགས་ཁ་པར་ནས་སྒྲུབ་གཉེར་སོགས་ཀྱི་གོ་རིམ་འཐུས་སྒོ་ཚང་དུ་གཏོང་བ། ཡུལ་གཞན་ནས་སྨན་རིན་བསྡོམས་རྩིས་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། སྒོ་བསྟེན་སྨན་ཁང་གི་གཅོང་ནད་དང་དམིགས་བསལ་ནད་གཞི་དང་དམིགས་བཙུགས་སིལ་ཚོང་སྨན་ཁང་གི་ཡུལ་གཞན་ནས་སྨན་རིན་བསྡོམས་རྩིས་སོགས་ཀྱི་རྒྱ་སྐྱེད་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།