དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བསྟན་དོན།

    ​ཀྲུང་གོའི་དཔལ་འབྱོར་གྱི་འགོ་བཙུགས་བཀྲ་ཤིས་བྱུང་བས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོར་ཡིད་ཆེས་བྱེད་ཤུགས་ཆེ་རུ་ཕྱིན་ཡོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-20

    ཉེ་ཆར་ནུབ་ཕྱོགས་ཀྱི་སྨྱན་སྦྱོར་འགའ་ཞིག་གིས་ཀྲུང་གོའི་དུས་ཚིགས་དང་པོའི་རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་ཀྱི་གྲངས་གཞི་གཙོ་བོ་སོགས་ལ་དོ་ཁུར་བྱེད་པའི་སྐོར་ལ། ཚེས་17ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས། འདི་ལོ་ཀྲུང་གོའི་དཔལ་འབྱོར་གྱི་དམིགས་ཚད་ཁག་འགོ་ཡག་པོ་ཚུགས་ཡོད། ཉེ་དུས་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཀྲུང་གོར་ལྟ་སྟངས་ཡག་པོ་འཛིན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཀྲུང་གོའི་འཕེལ་རྒྱས་ལ་ཡིད་ཆེས་བྱེད་ཤུགས་ཀྱང་ཆེ་རུ་འགྲོ་བཞིན་ཡོད་ཅེས་བརྗོད།

    ལིན་ཅན་གྱིས། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གཞིར་བཟུང་། འདི་ལོའི་དུས་ཚིགས་དང་པོར་ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་5.3%འཕར་ཞིང་། འཕར་སྣོན་དང་། ལས་ཞུགས། དངུལ་ལོར་འགྲེམས་ཐལ་ཤེར་བ། རྒྱལ་སྤྱིའི་གཏོང་ཡོང་བཅས་གཞི་ཆེའི་དམིགས་ཚད་ཆེན་པོ་བཞི་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་པ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་བའི་འཕར་ཚད་ལོ་གོང་མའི་ལོ་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་1.5འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་དང་ཞབས་ཞུ་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་4.7%དང་10%སོ་སོར་འཕར་བ། ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད་དུས་ཚིགས་6ཚུན་གྱི་ཟིན་ཐོ་གསར་པ་བཏོད་པ། གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་6.2%འཕར་ཡོད། ཀྲུང་གོའི་དཔལ་འབྱོར་གྱི་དམིགས་ཚད་ཁག་རྒྱུན་མཐུད་འཕར་ཏེ་འགོ་ཚུགས་མ་ཐག་བརྟན་ཐོག་ཡར་འཕེལ་བྱུང་ནས་འདི་ལོའི་འགོ་བཙུགས་བཀྲ་ཤིས་བྱུང་ཡོད་ཅེས་བརྗོད།

    ལིན་ཅན་གྱིས“ཉེ་དུས་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཀྲུང་གོར་ལྟ་སྟངས་ཡག་པོ་འཛིན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཀྲུང་གོའི་འཕེལ་རྒྱས་ལ་ཡིད་ཆེས་བྱེད་ཤུགས་ཀྱང་ཆེ་རུ་འགྲོ་བཞིན་ཡོད་པ་ང་ཚོར་ཡང་དོ་སྣང་བྱུང”ཞེས་བརྗོད་པ་དང་། ཁོང་གིས། ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་དང་། ཀའོ་ཧྲེང་། མོ་ཀེན་ཧྲི་ཏན་ལི་སོགས་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞིས་འདི་ལོའི་ཀྲུང་གོའི་དཔལ་འབྱོར་འཕར་ཚད་ཀྱི་སྔོན་དཔག་གཅིག་རྗེས་གཉིས་མཐུད་ངང་མཐོ་རུ་བཏང་བ་དང་། ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གིས་ཡོངས་བསྒྲགས་བྱས་པའི《2024ལོའི་ཨེ་ཤེ་ཡའི་འཕེལ་རྒྱས་ཀྱི་རྒྱང་ལྟ》ཞེས་པའི་སྙན་ཞུའི་ནང་2024ལོ་ནས་2025ལོར་ཀྲུང་གོས་ཨེ་ཤེ་ཡའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་46%ཟིན་ནས་མུ་མཐུད་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བར་ལེགས་སྐྱེས་ཆེ་ཤོས་འབུལ་བའི་དཔལ་འབྱོར་སྒྲིག་གཞིར་རྒྱུན་འཁྱོངས་ཐུབ་པའི་སྔོན་དཔག་བྱས་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།