དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོས་བྷང་ག་ལའི་ཕུགས་འདུན་མངོན་འགྱུར་བྱེད་རོགས་བྱེད་བཞིན་པ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  སུན་ཀོང་ཡུང་།   |     སྤེལ་དུས།  2024-04-20

     འདི་ནི་བྷང་ག་ལའི་ཏ་ཧྲེར་ཀན་ཏི་བཙོག་ཆུ་གཙང་གསིང་བཟོ་གྲྭ་ཡིན་པ།

    ཏ་ཁ་ནི་བྷང་ག་ལའི་གྲོང་ཁྱེར་ཆེ་ཤོས་ཤིག་དང་མི་འབོར་ཁྲི་2000ཙམ་ཟིན་གྱི་ཡོད། དེ་སྔོན། གྲོང་ཁུལ་ཧྲིལ་པོར་1992ལོར་བསྐྲུན་པའི་བཙོག་ཆུ་གཙང་གསིང་བཟོ་གྲྭ་གཅིག་ལས་མེད་པ་མ་ཟད། བཟོ་རྩལ་རྗེས་ལུས་དང་མདོང་དྲར་སྐྱོན་ཤོར་བ་སོགས་རྐྱེན་གྱིས་བཙོག་ཆུ་གཙང་གསིང་ནུས་པ་ཧ་ཅང་ཞན་པས། ས་གནས་དེ་གའི་གྲོང་མིར་ཆུའི་ཐོན་ཁུངས་སྦགས་བཙོག་གི་གནད་དོན་འཕྲད་ཡོད། “སྔོན་ཆད་གཙང་ཆུར་དྲི་ངན་འཐུལ་བས་གལ་སྲིད་དེའི་ནང་གཟུགས་པོ་བཀྲུས་ཚེ་གཟུགས་པོ་མི་བདེ་བ་ཡོང་གི་ཡོད་ལ། ཆུའི་ནང་དུ་ཉ་ཡང་ཧ་ཅང་ཉུང་ཉུང་ཡིན། ད་ཆ་ཀོའུ་ཅ་རུའེ་གཙང་པོས་ཕྲུ་གུ་ཚོར་སྤྲོ་སྣང་སྦྱིན་པ་མ་ཟད། གྲོང་མི་ཚོར་ཡང་སྟབས་བདེ་བསྐྲུན་ཡོད། དགའ་འོས་པའི་འགྱུར་ལྡོག་དེ་དག་ནི་ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་འགན་འཁུར་བའི་ཏ་ཧྲེར་ཀན་ཏི་བཙོག་ཆུ་གཙང་གསིང་བཟོ་གྲྭ་འཁོར་སྐྱོད་བྱས་རྗེས་བྱུང་བ་ཞིག་རེད”ཅེས་གྲོང་མི་ན་ཤིས་མུའུ་ཡིས་སེམས་འགུལ་ཐེབས་བཞིན་བཤད།

    ན་ནིང་ཟླ་7པར་ཏ་ཧྲེར་ཀན་ཏི་བཙོག་ཆུ་གཙང་གསིང་བཟོ་གྲྭའི་རྣམ་གྲངས་དངོས་སུ་ལས་མཇུག་འགྲིལ་ཞིང་། རྣམ་གྲངས་དེ་ཀྲུང་གོ་སྲིད་གཞུང་གིས་གཟིགས་སྐྱོང་དངུལ་བུན་མཁོ་འདོན་བྱེད་པ་དང་། ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གིས་མ་དངུལ་བསྡུ་སྒྲིལ་བྱས་པ་དང་། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཁྲེང་ཏུའུ་རྩད་ཞིབ་ཇུས་འགོད་ཞིབ་འཇུག་ཁང་ཚད་ཡོད་ཀུང་སིས་འགན་གཙང་བླངས་ནས་བསྐྲུན་པ་མ་ཟད་འཁོར་སྐྱོད་སྲུང་སྐྱོང་གི་འགན་འཁུར་གྱི་ཡོད། མིག་སྔར་བཙོག་ཆུ་གཙང་གསིང་བཟོ་གྲྭ་དེས་རྒྱལ་ས་ཏ་ཁ་ཡི་ས་ཁུལ་མང་པོའི་བཙོག་ཆུ་གཙང་གསིང་ནུས་ལྡན་ཐུབ་ནས་གྲོང་མི་ཁྲི་500ཙམ་ལ་ཕན་པ་ཐོབ་ཡོད། བྷང་ག་ལའི་ཙུང་ལི་ཞེ་ཧོ·ཧ་ཤིས་ནཱ་ཡིས་ལས་མཇུག་འགྲིལ་བའི་མཛད་སྒོའི་ཐོག་རྒྱུན་མཐུད་ཆོག་པ་དང་སྤུས་ཚད་མཐོ་བའི་དེང་རབས་ཅན་གྱི་བཙོག་ཆུ་གཙང་གསིང་མ་ལག་དེ་གྲོང་ཁྱེར་གྱི་ཆུ་མཁོ་འདོན་ཡུན་རིང་བརྟན་པོ་ཡོང་བར་གལ་འགངས་ཤིན་ཏུ་ཆེ་བ་དང་། བཙོག་ཆུ་གཙང་གསིང་བཟོ་གྲྭ་དེ་འཁོར་སྐྱོད་བྱེད་འགོ་ཚུགས་པ་ནི་བྷང་ག་ལའི་བཙོག་ཆུ་གཙང་གསིང་མ་ལག་གི་སྤྱིའི་འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པ་ཞིག་ཡིན་པ་དང་། དེས་འབྲེལ་ཡོད་ས་ཁུལ་གྱི་གཙང་ཆུའི་སྤུས་ཚད་དང་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཐད་ནུས་པ་གལ་ཆེན་ཐོན་རྒྱུ་རེད་ཅེས་བཤད།

    བྷང་ག་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡའོ་ཝུན་གྱིས་གཙང་ཞིང་མཛེས་སྡུག་ལྡན་པའི་འཛམ་གླིང་བསྐྲུན་རྒྱུ་ནི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་གྲུབ་ཆ་གལ་ཆེན་ཞིག་རེད། འཁོར་སྐྱོད་བྱས་པ་ནས་བཟུང་ཏ་ཧྲེར་ཀན་ཏི་བཙོག་ཆུ་གཙང་གསིང་བཟོ་གྲྭས་རིམ་རྩིས་བྱས་ན་བཙོག་ཆུ་གཙང་གསིང་བྱེད་ཚད་ཏུན་དུང་ཕྱུར་2.6ལྷག་ཙམ་ཟིན་པ་དང་ཆུའི་སྤུས་ཚད་དང་དེ་བཞིན་འདམ་རྫབ་མེ་བསྲེགས་གཙང་བཟོའི་དུ་བ་ཕྱིར་འབུད་ཀྱི་ཚད་གཞི་དེ་གན་རྒྱའི་ཚད་གཞི་ལས་ལེགས་པ་ཡོད་པས་ས་གནས་དེ་གའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད་པ་རེད། གཞན་ཡང་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་རྣམ་གྲངས་ཀྱིས་བྷང་ག་ལ་ཕྱོགས་ལ་ལས་ཞུགས་ལས་གནས་ཁྲི་55ཙམ་དང་མ་འཇོག་ཨ་སྒོར་དུང་ཕྱུར་བཅུ་ཕྲག་གཏོད་ཡོད་པ་རེད།

    བྷང་ག་ལའི་ས་གནས་སྲིད་གཞུང་དང་གྲོང་གསེབ་འཕེལ་རྒྱས་དང་མཉམ་ལས་པུའི་པུའུ་ཀྲང་ཐ་ཙིས་ཀྲུང་གོའི་མ་འཇོག་དང་ལག་རྩལ་གྱིས་བྷང་ག་ལའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། ཀྲུང་གོས་བྷང་ག་ལར་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། “ཀྲུང་གོས་བྷང་ག་ལར་ཕུགས་འདུན་མངོན་འགྱུར་བྱེད་རོགས་བྱེད་བཞིན་ཡོད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།