དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་ཧ་སག་སི་ཐན་གྱི་རླངས་འཁོར་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལི་ཆང་།   |     སྤེལ་དུས།  2024-04-20

    འདི་ནི་ཨ་ལུར་ཚོགས་པའི་ཕྱིའི་རྣམ་པ་ཡིན་པ།

    འདི་ནི་བཟོ་པས་འཁོར་ཁང་དུ་རླངས་འཁོར་གྱི་ལྷུ་ལག་སྒྲིག་བཞིན་པ། སུན་ཧའོ་ཞུའེ་ཡིས་པར་བླངས།

    ཀྲུང་གོའི་ཁེ་ལས་ཀྱིས་ཉོ་སྒྲུབ་བྱས་ནས་བསྐྱར་སྒྲིག་བྱས་པའི་ཧ་སག་སི་ཐན་གྱི་རླངས་འཁོར་ཐོན་སྐྱེད་ལྷུ་སྒྲིག་ཁེ་ལས་ཆེ་ཤོས་ཨ་ལུར་ཚོགས་པའི་ཕྱིར་འཚོང་བསྡོམས་འབོར་ལོ་བསྟུད་མར་ཆེས་ཆེར་འཕར་ནས་རླངས་འཁོར་ཐོན་ཚད་དེ་2020ལོའི་ཁྲི་4ནས་2023ལོའི་ཁྲི་9བར་མཐོ་རུ་ཕྱིན་ཡོད། མིག་སྔར་ཧ་སག་སི་ཐན་གྱི་ལོའི་རླངས་འཁོར་སྣ་ཚོགས་ཐོན་སྐྱེད་ཀྱི་60%ཡན་དང་ཁྲོམ་ར་བཟུང་ཚད་ལོ་ལྟར་40%ཡན་ཟིན་ནས་ས་གནས་དེ་གའི་རླངས་འཁོར་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་ཤུགས་ཆེན་བྱས་ཡོད། 2019ལོའི་ཟླ་5པར་ཐུང་ཡུང་ལག་རྩལ་ཀྲུང་གོ་རླངས་འཁོར་ཚོགས་པ་དང་ཨན་ཧུའེ་ཅང་ཧོའེ་རླངས་འཁོར་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིས་མཉམ་དུ་ཨ་ལུར་ཚོགས་པ་ཉོ་བསྒྲུབ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།