དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་6.1%འཕར་བ།

    དུས་ཚིགས་8ནང་ཚུན་གྱི་མཐོ་ཤོས་སུ་སླེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-20

    ▲ དུས་ཚིགས་དང་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་6.1%འཕར་བ།

    ▲ བཟོ་ལས་ལ་མ་དངུལ་འཇོག་ཚད་དུས་མཚུངས་ལས་13.4%འཕར་བ་དང་། གཞི་ཁྱོན་ཡན་གྱི་ཁེ་ལས་འབྲིང་ཆུང་གི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་7.4%འཕར་ཡོད།

    ཚེས་18ཉིན། གསར་འགོད་པས་བཟོ་འཕྲིན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་ནས་བཟུང་། བཟོ་ལས་དཔལ་འབྱོར་འཕར་ཚད་མགྱོགས་ཙམ་གྱི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་ཡག་པོ་ཐོབ་ནས་སྤྱིའི་ཆ་ནས་འགོ་ཡག་པོ་ཚུགས་ཡོད། དུས་ཚིགས་དང་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་6.1%འཕར་བ་དེ་2023ལོའི་ལོ་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་1.5མཐོ་བ་ཡོད་པ་དང་དུས་ཚིགས་8ནང་ཚུན་གྱི་མཐོ་ཤོས་ཡིན་པ་དང་། བཟོ་ལས་ལ་མ་དངུལ་འཇོག་ཚད་དུས་མཚུངས་ལས་13.4%འཕར་བ་དང་། གཞི་ཁྱོན་ཡན་གྱི་ཁེ་ལས་འབྲིང་ཆུང་གི་བཟོ་ལས་འཕར་ཐང་དུས་མཚུངས་ལས་7.4%འཕར་ཡོད་པ་རེད།

    དུས་ཚིགས་དང་པོར་ཞིང་ཆེན་28ཀྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས་འཕར་བ་དང་། བཟོ་ལས་རིགས་ཆེ་གྲས་41གི་ཁྲོད་གློག་རྡུལ་དང་རླངས་འཁོར་སོགས་ལས་རིགས་37གྱི་འཕར་ཐང་དུས་མཚུངས་ཀྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་ནས་འཕར་ཚད་ན་ནིང་ལས་བརྒྱ་ཆའི་གྲངས་22མཐོ་རུ་ཕྱིན་ཡོད། སྒྲིག་ཆས་བཟོ་སྐྲུན་ལས་རིགས་རྒྱུན་མཐུད་ངང་འཕར་མགྱོགས་ཙམ་བྱུང་བ་དང་དུས་ཚིགས་དང་པོའི་འཕར་ཐང་དུས་མཚུངས་ལས་7.6%འཕར་ནས་སྒྲིག་ཆས་འདེགས་སྐྱོར་དང་འཕར་རྒྱུར་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་ཐུབ་ཡོད།

    དུས་ཚིགས་དང་པོར་གསར་དར་ཐོན་ལས་ཀྱི་དཔེ་མཚོན་ཐོན་རྫས་འཕར་ཚད་ཅུང་མཐོ་བ་རྒྱུན་འཁྱོངས་ཐུབ་ནས་ཉི་ནུས་གློག་རྫས་ཐོན་སྐྱེད་བྱེད་ཚད་དུས་མཚུངས་ལས་20.1%འཕར་བ་དང་། ཐོན་ལས་གྲུབ་ཆ་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ནས་ཆིང་ནུས་དང་ནུས་གསོག་གསར་པ་སོགས་བེད་སྤྱོད་བྱ་ཡུལ་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ། དུས་ཚིགས་དང་པོར་ནུས་རྒྱུ་གསར་པའི་རླངས་འཁོར་གྱིས་ཁྲོམ་ར་བཟུང་ཚད་31%ཡན་ཟིན་པ། ངར་ལྕགས་དང་མདོག་ལྡན་ལྕགས་རིགས་སོགས་སྲོལ་རྒྱུན་ལས་རིགས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཚན་པའི་འཕར་ཐང་གི་ནུས་རྒྱུ་ཟད་གྲོན་མུ་མཐུད་ཆག་ཡོད།

    ཁྲོམ་རའི་དགོས་མཁོར་འདེགས་སྐྱོར་ཡོད་ཅིང་། དུས་ཚིགས་དང་པོར་བཟོ་སྐྲུན་ལས་རིགས་ལ་མ་དངུལ་འཇོག་ཚད་དུས་མཚུངས་ལས་9.9%འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཕྱིར་གཏོང་ཚོང་ཟོག་རྩིས་སྤྲོད་རིན་ཐང་དུས་མཚུངས་ལས་0.8%འཕར་བ། རླངས་འཁོར་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་10.6%འཕར་བ། ཁྱིམ་སྤྱོད་གློག་ཆས་རིགས་ཀྱི་ཚོང་ཟོག་འཛད་སྤྱོད་བྱེད་ཚད་དུས་མཚུངས་ལས་5.8%འཕར་ཡོད་པ་རེད། གཉེར་སྐྱོང་བྱེད་པོར་གདེང་ཚོད་ཡོད་ཅིང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་བསྟུད་མར་འཕར་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་དམངས་ཁྲོད་མ་འཇོག་དུས་མཚུངས་ལས་11.9%འཕར་ཡོད། འཕེལ་རྒྱས་ཀྱི་སྒུལ་ཤུགས་ལ་འབྱུང་ཁུངས་ཡོད་ཅིང་། ཟླ་2པའི་ཟླ་མཇུག་བར། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་གྲངས་འབོར་ལོ་གོང་མའི་ལོ་མཇུག་ལས་ཁྲི་1.9འཕར་ནས་དུད་ཚང་ཁྲི་50.1ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།