དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་དགུ་ཡིས་ཇུས་གཞི་བཀྲམ་ནས།

    གྲངས་འཛིན་ཤེས་ལྡན་པ་གསོ་སྐྱོང་གང་མགྱོགས་བྱས་ཏེ་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-20

    ཉེ་ཆར་མི་སྤྱི་པུའུ་དང་། ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། སློབ་གསོ་པུའུ། ཚན་རྩལ་པུའུ། བཟོ་འཕྲིན་པུའུ། ནོར་སྲིད་པུའུ། རྒྱལ་ཁབ་གྲངས་གཞི་ཅུས་བཅས་སྡེ་ཚན་དགུ་ཡིས《གྲངས་འཛིན་ཤེས་ལྡན་པ་གསོ་སྐྱོང་གང་མགྱོགས་བྱས་ཏེ་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་བྱ་སྤྱོད་ཇུས་གཞི(2024ལོ་ནས་2026ལོ་བར)》(གཤམ་དུ《བྱ་སྤྱོད་ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་ནས་གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་འཕེལ་རྒྱས་ཀྱི་དགོས་མཁོར་དམ་པོར་དམིགས་ཏེ། ལོ་གསུམ་ཙམ་གྱི་དུས་ཚོད་སྤྱད་ནས་གྲངས་འཛིན་ཤེས་ལྡན་པ་གསོ་སྐྱོང་དང་། ནང་འདྲེན། གནས་ཐུབ་པ། བཀོལ་སྤྱོད་སོགས་ཀྱི་ཆེད་དོན་བྱ་སྤྱོད་ཏན་ཏིག་སྤེལ་ཁར། གྲངས་འཛིན་ཤེས་ལྡན་པ་མཁོ་སྤྲོད་ནུས་ལྡན་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲངས་འཛིན་ཤེས་ལྡན་པ་གཅིག་སྡུད་ཀྱི་ཕན་འབྲས་ཐོན་པར་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།

    《བྱ་སྤྱོད་ཇུས་གཞིའི》ནང་། གཙོ་གནད་ལས་འགན་ཁ་གསལ་བཟོས་ནས་གྲངས་འཛིན་ལག་རྩལ་ཆེ་མོ་བ་གསོ་སྐྱོང་གི་རྣམ་གྲངས་དང་། གྲངས་འཛིན་རྩལ་ནུས་མཐོར་གཏོང་བྱ་སྤྱོད། གྲངས་འཛིན་ཤེས་ལྡན་པའི་རྒྱལ་སྤྱིའི་སྤེལ་རེས་བྱེད་སྒོ གྲངས་འཛིན་ཤེས་ལྡན་པའི་གསར་གཏོད་དང་ལས་གཏོད་ཀྱི་བྱ་སྤྱོད། གྲངས་འཛིན་ཤེས་ལྡན་པའི་ནུས་སྤྲོད་ཐོན་ལས་འཕེལ་རྒྱས་བྱ་སྤྱོད། གྲངས་འཛིན་ལས་རིགས་ལག་རྩལ་གྱི་རྩལ་ནུས་འགྲན་བསྡུར་བྱེད་སྒོ་བཅས་གཙོ་གནད་རྣམ་གྲངས་6བཀོད་སྒྲིག་བྱས་ཏེ། གྲངས་འཛིན་ཤེས་ལྡན་པ་གསོ་སྐྱོང་དང་། ནང་འདྲེན། བཀོལ་སྤྱོད་སོགས་ཐད་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད་ཅིང་། ལས་རིགས་དང་། ཆེད་ལས། རིམ་པ་བཅས་དབྱེ་ནས་ཚད་ལྡན་ཅན་གྱི་གསོ་སྦྱོང་དང་སྤྱི་ཚོགས་ཅན་གྱི་གདེང་འཇོག་བྱེད་དགོས་པ་དང་། ཆེད་ལས་ལག་རྩལ་རིམ་པའི་ལག་ཁྱེར་ཐོབ་མཁན་ལ་དེ་མཚུངས་ཀྱི་གོ་མིང་ངོས་འཛིན་བྱེད་ཆོག་པ། གྲངས་འཛིན་ཤེས་ལྡན་པས་མི་ཐབས་རིག་ནུས་དང་། ཆ་འཕྲིན་ལག་རྩལ། རིག་ནུས་བཟོ་སྐྲུན། གློག་རྡུལ་ཚོང་དོན་སོགས་གྲངས་འཛིན་དཔལ་འབྱོར་ཁྱབ་ཁོངས་སུ་གསར་གཏོད་དང་ལས་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས་པ། གྲངས་འཛིན་ཁྱབ་ཁོངས་ཀྱི་མཆོག་རམས་པའི་ཚན་ཞིབ་སྐོར་སྐྱོད་ས་ཚིགས་དང་ལས་དོན་ས་ཚིགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་མཆོག་རམས་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་ལ་སོགས་རེད།

    དེ་དང་ཆབས་ཅིག གསོ་སྐྱོང་སྲིད་ཇུས་ལེགས་སུ་གཏོང་བ་དང་། གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། བགོ་བཤའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། འཁོར་རྒྱུག་ཐབས་ལམ་ཤར་བགྲོད་ཡོང་བར་བྱེད་པ། ལྕག་སྐུལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཕྱོགས་དྲུག་གི་ཐད་ནས་སྲིད་ཇུས་ཀྱི་འགན་ལེན་བྱས་ཤིང་། “མཐོ་རིམ་སློབ་གྲྭ་དང་སློབ་གླིང་གི་གྲངས་འཛིན་ཁྱབ་ཁོངས་ཀྱི་འབྲེལ་ཡོད་རིག་ཚན་ཆེད་ལས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ”དང་། “ལས་རིགས་སློབ་གསོའི་ཆེད་ལས་རིམ་སྤོར་དང་གྲངས་འཛིན་ཅན་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ” “ཚན་ཞིབ་མི་སྣའི་ལས་གནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་དངུལ་སྨར་བྱ་དགའི་སྲིད་ཇུས་དོན་འཁྱོལ”སོགས་སྲིད་ཇུས་ཀྱི་རྒྱབ་སྐྱོར་མང་པོ་བཏོན་ཡོད།

    《བྱ་སྤྱོད་ཇུས་གཞིའི》ནང་། ད་དུང་སྡེ་ཚན་ཁག་དང་འབྲེལ་ཡོད་ཕྱོགས་ཁག་གིས་གྲངས་འཛིན་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱས་ཏེ། རང་འགན་གཙང་སྒྲུབ་དང་མཉམ་ལས་དམ་ཟབ་བྱས་ནས་སྲིད་ཇུས་དང་། བྱེད་ཐབས། ཕན་འབྲས་བཅས་དམིགས་སར་འབྱོར་བར་བྱེད་དགོས་པའི་བླང་བྱའང་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།