དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་བོད་ཀྱི་གནའ་ཤུལ་སྔོག་འདོན་བེད་སྤྱོད་དང་ལྷ་སའི་གནའ་གྲོང་སྲུང་སྐྱོང་གི་ཆེད་དོན་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-20

    ཉེ་ཆར། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས་ཟླ་བས་རུ་སྣེ་ཁྲིད་པ་དང་། ལྗོངས་སྲིད་གྲོས་རིག་གནས་སྒྱུ་རྩལ་རིགས་ཁོངས་ཀྱི་ཨུ་ཡོན་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། ལྷ་ས་གྲོང་ཁྱེར་དང་ཁྲེང་ཀོན་ཆུས་སྲིད་གྲོས་ཀྱི་འབྲེལ་ཡོད་བློ་མཐུན་ཁག་གཅིག་བཅས་ཞུགས་པའི་བརྟག་ཞིབ་ཚོགས་ཆུང་གིས་ལྷ་སའི་གྲོང་ཁུལ་རྙིང་པའི་གནའ་བོའི་བཟོ་སྐྲུན་སྒོ་ར་ཆེན་པོ་དང་འབྲེལ་ཡོད་ཁྲོམ་གཞུང་དུ“བོད་ཀྱི་གནའ་ཤུལ་སྔོག་འདོན་བེད་སྤྱོད་དང་ལྷ་སའི་གནའ་གྲོང་སྲུང་སྐྱོང”གི་ཆེད་དོན་ཨུ་ཡོན་གྱི་ལྟ་ཞིབ་དང་བརྟག་ཞིབ་ལས་དོན་སྤེལ་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་ནན་པོ་བྱས་ཏེ། ལྷ་སའི་གནའ་གྲོང་སྲུང་སྐྱོང་དང་གནའ་ཤུལ་སྔོག་འདོན་བེད་སྤྱོད་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། རིག་གནས་ཀྱི་ལས་རྣམ་དང་ཐོན་ལས་གསར་པ་མགྱོགས་མྱུར་འཕེལ་རྒྱས་གཏོང་དགོས། ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་བས་སྔོག་འདོན་དང་། རྒྱུན་འཛིན། སྲུང་སྐྱོང་བཅས་བྱས་ཏེ་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཕྱོགས་མང་པོ་དང་རྣམ་པ་མང་པོའི་ཐད་ནས་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་སྤྱི་པའི་རིག་གནས་ཀྱི་བར་མཐོངས་གཏོད་ཤུགས་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།