དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་སྲིད་གྲོས་ཀྱི“རིམ་གཉིས”ཏང་ཙུའུ་ཡི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-20

    ཚེས་18ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་དང་ལས་ཁུངས་ཏང་ཙུའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་དམིགས་ནས་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད།

    ལྗོངས་སྲིད་གྲོས་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཝང་ཀང་ཚོགས་འདུར་ཞུགས་པ་དང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་བཀྲ་ཤིས་ཟླ་བ་ཟུར་ཞུགས་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་གལ་ཆེའི་རང་བཞིན་དང་དམིགས་ཚད་བླང་བྱར་ངོས་འཛིན་གཏིང་ཟབ་བྱས་ཏེ། སློབ་སྦྱོང་གི་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་བའི་ཐད་ཤུགས་རྒྱག་པ་དང་ཕན་འབྲས་དངོས་དོན་གཉེར་བྱེད་དགོས་པ་དང་། 《སྲོལ་ཡིག》གི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང《སྲོལ་ཡིག》གི་ཕུན་སུམ་ཚོགས་པའི་ནང་དོན་ཤེས་རྟོགས་བྱས་ཏེ། ལེའུ་རེ་རེ་དང་དོན་ཚན་རེ་རེ་བཞིན་སྦྱོང་བ་དང་། དོན་དངོས་དང་ཟུང་འབྲེལ་གྱིས་སྦྱོང་བ། ཡང་སྐོར་བསྐྱར་སྐོར་གྱིས་སྦྱོང་བ་བཅས་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་རང་གཅུན་རང་འདོམས་ལ་ཤུགས་སྣོན་རྒྱག་པ་དང་རང་གཅུན་ནུས་པ་ཆེ་རུ་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། 《སྲོལ་ཡིག》ལག་ལེན་མཐར་ཕྱིན་བསྟར་བར་དམ་འཛིན་ནན་ཏན་བྱེད་པ་དང་བསམ་བློའི་ཐད་ནས་རྨང་གཞི་བརྟན་གཏོང་ལ་མཐོང་ཆེན་གྱིས་ཏང་གཤིས་ཟབ་ཏུ་གཏོང་བ་དང་། སྒྲིག་ཁྲིམས་ནན་དུ་གཏོང་བ། སྤྱོད་ཚུལ་ཞུན་བརྡར་བྱེད་པ་བཅས་རྒྱུན་གཏན་དང་གོམས་གཤིས་སུ་འགྱུར་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།