དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • འཛད་རྫས་དངོས་མང་སྟོན་ཚོགས་སྐབས་བཞི་པ་མཇུག་འགྲིལ་བ།

    ​བོད་ཀྱི་ཁྱད་ལྡན་ཐོན་རྫས་གར་སྟེགས་ཆེན་པོའི་ཐོག་བསྐྱོད་པ།

    ཕྱིར་འཚོང་བྱེད་ཚད་སྐབས་གོང་མ་ལས་12.5%འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-20

    ཟླ་4ཚེས་18ཉིན། ཧའེ་ཁོའུ་རུ་གཉེར་བའི་ཀྲུང་གོ་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོགས་སྐབས་བཞི་པ་ཕུན་སུམ་ཚོགས་པོའི་སྒོ་ནས་མཇུག་འགྲིལ་བ་རེད།

    སྐབས་འདིའི་འཛད་རྫས་དངོས་མང་སྟོན་ཚོགས་དེ་བོད་ཀྱི་ཁྱད་ལྡན་ཁེ་ལས་27ལས“བོད་ལྗོངས་འགྲེམས་ཞུགས་ཚོགས་པ”མཉམ་དུ་གྲུབ་ཅིང་། བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་མ་རྐང་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ས་མཐོའི་མཆོག་ནོར་ནོར་གནག་འོ་ལས་ཚད་ཡོད་ཀུང་སི། ལྷ་ས་ཁྲེང་ཏུའོ་ཏུའོ་རིག་གནས་གསར་གཏོད་ཚད་ཡོད་ཀུང་སི། བོད་ལྗོངས་དཔྱིད་འོད་བཟའ་བཅའ་ཚད་ཡོད་ཀུང་སི་སོགས་ཁེ་ལས་ཀྱིས་རང་སོ་སོའི་ཁྱད་ལྡན་ཐོན་རྫས་ཁྱེར་ནས་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་ས་བབ་ཀྱི་ལེགས་ཆ་དང་འཛད་རྫས་དངོས་མང་སྟོན་ཚོགས་ལས་སྟེགས་ལ་བརྟེན་ནས། བོད་ཀྱི་སྤུས་ལེགས་གསར་གཏོད་དང་སྤུས་རྟགས་འཛུགས་སྐྱོང་ཐད་ཀྱི་གསར་གཏོད་ལག་ལེན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཁྱོན་ཡོངས་ནས་འགྲེམས་སྟོན་བྱས་ཏེ། བོད་ཀྱི་ཁྱད་ལྡན་ཐོན་རྫས་བོད་ནས་ཡུལ་གཞན་དུ་འཚོང་བ་དང་འཛམ་གླིང་དུ་ཁྱབ་པར་སྐུལ་མ་བཏང་བ་རེད།

    “འཛད་རྫས་དངོས་མང་སྟོན་ཚོགས་སྐབས་བཞི་པའི་རིང་། བོད་ཀྱི་འགྲེམས་གནས་ཀྱིས་མི་ཐེངས་8100ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཕྱིར་འཚོང་བྱེད་ཚད་སྒོར་ཁྲི་171ཟིན་པ་དེ་སྐབས་གོང་མ་ལས་12.5%འཕར་ནས་བོད་ཀྱི་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་མཐོ་རུ་ཕྱིན་ཡོད། དུས་མཚུངས་སུ་འཛད་རྫས་དངོས་མང་སྟོན་ཚོགས་ཀྱི་ལས་སྟེགས་ལ་བརྟེན་ནས་བོད་རང་སྐྱོང་ལྗོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ངོ་སྤྲོད་འདུ་ཚོགས་གཉེར་བ་དང་། ས་གནས་ས་ཐོག་ཏུ་རྣམ་གྲངས་2ལ་གན་རྒྱ་བཞག་ནས་གྲོས་མཐུན་མ་འཇོག་དངུལ་གྲངས་སྒོར་དུང་ཕྱུར་5.14ཟིན་ཡོད”ཅེས་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ཡའོ་གོ་ཝེ་ཡིས་བརྗོད་ཅིང་། ཁོང་གིས་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་འགྲེམས་ཚོགས་ལས་སྟེགས་རྒྱུན་མཐུད་གང་ལེགས་སྤྱད་ནས་བོད་ཀྱི་ཁྱད་ལྡན་ཁེ་ལས་དེ་བས་མང་བར་འབྲེལ་ཟམ་གཏོད་པ་དང་། ཁྱད་ལྡན་ས་མཐོའི་ཐོན་རྫས་ཤར་བགྲོད་ཀྱི་ཐབས་ལམ་རྒྱ་སྐྱེད། བོད་ཀྱི་ཁྱད་ལྡན་ཐོན་རྫས་དག་ས་མཐོ་ནས་ཡུལ་གཞན་དུ་འཚོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤུས་རྟགས་བོད་དར་གྱི་དམིགས་ཚད་མངོན་འགྱུར་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།