དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཏང་ཨུད་རྩ་འཛུགས་པུས།

    པུའུ་དོན་ཨུ་ལྷན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-19

    ཚེས་15དང་ཚེས་16ཉིན། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་པུའུ་དོན་ཨུ་ལྷན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་འཚོགས་ནས། མི་སྒེར་གྱི་རང་སྦྱོང་དང་ཞིབ་བསྡུར་སྤེལ་རེས་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་དོན་ཚན་རེ་རེ་བཞིན་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་སློབ་སྦྱོང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་བགྲོ་གླེང་སྤེལ་རེས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལའེ་ཅའོ་ཡིས་ནན་བཤད་གནང་དོན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བརྒྱུད་རྩ་འཛུགས་ལས་དོན་གྱི་ལས་བྱེད་པས“སྒྲིག་ཁྲིམས་དོན་ཚན་དྲུག”གི་གཙོ་དོན་དོན་སྙིང་དང་གཏན་འབེབས་བླང་བྱ་ཁོང་དུ་ཡང་དག་ཆུད་པར་སྐུལ་འདེད་གཏོང་བ་དང་། རྒྱུན་གཏན་གྱི་གཏམ་སྤྱོད་ཀྱི་ཚད་འཇལ་ཚད་གཞི་ཁ་གསལ་བཟོས་ཏེ། སྒྲིག་ཁྲིམས་དང་སྒྲིག་ལམ་སྔར་བས་འཛུགས་པ་དང་ནན་དུ་གཏོང་དགོས་ཤིང་། ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་སྣང་ཆེན། དྲང་གཞག་ལ་སྣང་ཆེན། འགན་འཁྲི་འཁུར་བར་སྣང་ཆེན། ལེགས་སྐྱེས་འབུལ་བར་སྣང་ཆེན། སྒྲིག་སྲོལ་ལ་སྣང་ཆེན་བཅས་ཆེ་ཤོས་ཐུབ་པར་བྱས་ཏེ། “1+6+1”གི་ལས་ཀ་བྱེད་སྟངས་ལ་སྐུལ་འདེད་གཏོང་བར་ཐབས་ཇུས་འདོན་པ་དང་ཏང་གི་སྒྲིག་ལམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་ཕན་འབྲས་ཐོན་པར་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་བྱེད་པ་གོ་སྐབས་སུ་བྱས་ནས་རིམ་ཁག་ཏང་རྩ་འཛུགས་དང་འགོ་ཁྲིད་ཚན་ཁག་གིས་ཏང་གི་སྒྲིག་ལམ་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་བྱེད་པ་དང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་པ་དང་། “དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་འགན་འཁྲི་འཁུར་མི་ཕོད་པ་དང་། ལས་ཀ་བྱེད་མི་འདོད་པ། ཡར་རྒྱས་བརྩོན་ལེན་མི་བྱེད་པ། བདེན་པ་མེད་པ། གུས་སྐྲག་མི་ཤེས་པ་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།