དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཡོངས་ཀྱི་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-19

    ཚེས་17ཉིན་གྱི་སྔ་དྲོར་ལྗོངས་ཡོངས་ཀྱི་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་ཡོམ་འགོག་དང་། གནོད་འཚེ་ཉུང་གཏོང་། གེགས་སེལ་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་2024ལོའི་ས་ཡོམ་གྱི་དུས་བབ་ལ་དབྱེ་ཞིབ་བརྡར་གཅོད་བྱས་པ་མ་ཟད། ལྗོངས་ཡོངས་ཀྱི་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་ལས་དོན་གྱི་ལས་འགན་བཀོད་སྒྲིག་ཀྱང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    རེན་ཝེ་ཡིས་ནན་བཤད་གནང་དོན། བརྒྱུད་རིམ་ཧྲིལ་པོར་གྲོས་མོལ་བརྡར་གཅོད་དང་། ལྟ་ཞིབ་ཚད་ལེན་སྔོན་བརྡ། མགྱོགས་མྱུར་དང་ལེན། གནོད་འཚེར་ཚོད་སྐོར་སོགས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་འཕྲལ་སྡོམ་མ་ལག་འཛུགས་དགོས། ཡོམ་འགོག་དང་། གནོད་འཚེ་ཉུང་གཏོང་། གེགས་སེལ་བཅས་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་། རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁའི་ཡོངས་བཤེར་གྱི་གྲུབ་འབྲས་ཡག་པོ་སྤྱོད་པ། སྔོན་ཇུས་ཀྱི་དམིགས་སའི་རང་བཞིན་དང་ཉེར་སྤྱོད་རང་བཞིན་ཆེ་རུ་གཏོང་བ། འཕྲལ་སྡོམ་རོགས་སྐྱོབ་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ། ལག་རྩལ་དང་སྒྲིག་ཆས་དེང་རབས་ཅན་མགྱོགས་སུ་གཏོང་བ། ཡོམ་འགོག་བརྟན་གཏོང་ལས་གྲྭར་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྨང་གཞིའི་འདེགས་སྐྱོར་བརྟན་དུ་གཏོང་དགོས། འཁོར་འབྲེལ་ཧྲིལ་པོའི་འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཕྱོགས་ཁག་གི་འགན་འཁྲི་དམ་དུ་གཏོང་བ། སྡེ་ཚན་དབར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། རྒྱུན་རྣམ་ཅན་གྱི་འཕྲལ་སྡོམ་ནང་སྦྱོང་བྱེད་པ། ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱེད་པར་དམ་འཛིན་བཅས་བྱས་ཏེ་གནོད་འཚེ་ལས་གཡོལ་ཐབས་དང་ཚན་རྩལ་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།