དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གོ་འཇོ་རྫོང་དང་ཝུའུ་ཧོའུ་ཆུས་དབར་སྲིད་དོན་ཞབས་ཞུའི “ཞིང་སྒྲོལ་ཀུན་སྒྲུབ”ཀྱི་གྲོས་མཐུན་བཞག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-19

     ཟླ་4ཚེས་10ཉིན་གོ་འཇོ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བློ་མཐུན་མངགས་ནས་ཁྲེང་ཏུའུ་གྲོང་ཁྱེར་ཝུའུ་ཧོའུ་ཆུས་སུ“ཝུའུ་ཧོའུ་དང་གོ་འཇོའི”ཞིང་སྒྲོལ་ཀུན་སྒྲུབ་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་པ་རེད།

    གན་འཇོག་མཛད་སྒོའི་ཐོག་ས་གནས་གཉིས་ཀྱི་སྲིད་འཛིན་ཞིབ་མཆན་ཅུས་ཀྱི་འགན་འཁུར་བློ་མཐུན་དང་སྡེ་ཚན་ཁག་གི་ལས་དོན་མི་སྣས་ས་གནས་གཉིས་པོའི“ཞིང་སྒྲོལ་ཀུན་སྒྲུབ”ཀྱི་གྲོས་མཐུན་འཇོག་པའི་དོན་སྙིང་གལ་ཆེན་དང་། འཆར་ཟིན་འགོད་པའི་རྒྱབ་ལྗོངས། མཉམ་ལས་དམིགས་ཚད་དང་། ནང་དོན། བྱེད་སྟངས་བཅས་ཐད་སྤེལ་རེས་གཏིང་ཟབ་བྱས་པ་རེད། ཐེངས་འདིའི་མཉམ་ལས་ཐད་ས་གནས་གཉིས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས“འཐུས་སྒོ་ཚང་རིམ་བཞིན་གཉེར་བའི”རྩ་དོན་གཞིར་བཟུང་སྨན་བཅོས་དང་། སྤྱི་ཚོགས་འགན་སྲུང་། དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས། ཁྲོམ་རའི་ཆོག་འཐུས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཀུན་སྒྲུབ་དོན་ཚན་70དང་འབྲེལ་བ་ཡོད་པ་རེད། ལས་སྒྲུབ་ཀྱི་ཚད་གཞི་དང་སྒྲུབ་གཉེར་གྱི་བརྒྱུད་རིམ་ཁ་གསལ་བཟོས་ནས་བསྡུ་ལེན་དང་སྒྲུབ་གཉེར་ཁག་བགོས་དང་། རིགས་དབྱེ་སྒྲུབ་གཉེར། ཉེ་སར་རེ་ཞུ། སྐད་འཕྲིན་ཚོགས་པའི་སྦྲེལ་མཐུད་བཅས་མཉམ་ལས་བྱེད་སྟངས་ཁག་བཞི་བཏོན་པ་རེད།

    ཐེངས་འདིའི་མཉམ་ལས་གྲོས་མཐུན་འཇོག་པའི་དམིགས་ཡུལ་ནི“ཚད་གཞི་གཅིག་གྱུར་དང་། ཕན་ཚུན་དབང་སྤྲོད། ཡུལ་གཞན་དུ་བདག་སྤྲོད་དང་རྒྱང་བསྟེན་སྒྲུབ་གཉེར། མཉམ་ལས་མཉམ་འགུལ”བཅས་ཀྱི་ཞབས་ཞུའི་རྣམ་པར་བརྟེན་ནས་ལས་སྒོ་བསྒྲུབ་རྒྱུ་དང་། ཁེ་ལས་དང་མང་ཚོགས་ཀྱིས་ཡུལ་གཞན་དུ་དོན་དག་སྒྲུབ་པར“ས་གནས་མང་པོར་འགྲོ་དགོས་པ”དང“ཕར་རྒྱུག་ཚུར་རྒྱུག་བྱེད་དགོས་པ”སོགས་ཀྱི་འགོག་རྐྱེན་དང་དཀའ་གནད་ཐག་གཅོད་ཏན་ཏིག་བྱས་ཏེ་ཁེ་ལས་དང་མང་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུ་རྒྱུ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།