དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དཔེ་ཁང་རྒྱ་མཚོའི་ཕང་བ་རུ། ཤེས་རིག་ཉ་མོ་གར་ལ་རྩེན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-19

    ཉེ་བའི་ལོ་ཤས་རིང་། ས་གནས་མང་པོས་སྤྱི་པའི་དཔེ་ཁང་བསྐྲུན་པར་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་རྩར་དཔེ་དེབ་ལྟ་ཀློག་ཐུབ་པ་བྱས་ནས་སྤྱི་ཚོགས་ཡོངས་སུ་དཔེ་ཀློག་གི་ཁོར་ཡུག་བཟང་པོ་ཞིག་བཏོད་པ་དང་ཚང་མར་དཔེ་དེབ་ཀློག་པའི་གོམས་གཤིས་བཟང་པོ་ཞིག་འཇགས་པར་བྱས་ཡོད། ནན་ཧུའུ་ཆུས་ཀྱིས་ནན་ཧུའུ་ཆུས་དཔེ་མཛོད་ཁང་སྣེ་ཁྲིད་ཚན་པར་བྱས་པ་དང་། སྡེ་ཁུལ་དང་དེ་བཞིན་ཤང་དང་གྲོང་རྡལ་ཁག་གི་དཔེ་མཛོད་ཁང་དང་། རིག་ནུས་དཔེ་དེབ་ཁང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(ས་ཚིགས) གྲོང་ཁྱེར་གྱི་ས་ཚིགས་སོགས་གཞི་རིམ་གྱི་ས་ཚུགས་ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སེར་ལ“སྒོ་འགྲམ་གྱི་དཔེ་དེབ་ཁང”བསྐྲུན་ནས་སྐར་མ་10ཡི་དཔེ་ཀློག་གི་རྣམ་པ་བཏོད་ཡོད།

    ཉེ་ཆར། ཨན་ཧུའེ་ཞིང་ཆེན་ཧོའེ་པེ་གྲོང་ཁྱེར་ལེ་ཧྲན་ཆུས་དབྱང་ཀྲོང་ཁྲོམ་གཞུང་སྡེ་ཁུལ་གྱི་མེ་འཁོར་དབྱིབས་ཀྱི་དཔེ་ཁང་ནང་དཔེ་ཀློག་བྱེད་མཁན་གྱི་གྲོང་མི་མང་པོ་ཡོད། དབྱང་ཀྲོང་ཁྲོམ་གཞུང་གིས་སྡེ་ཁུལ་དཔེ་ཁང་གི་སྤྱི་པའི་དཔེ་ཀློག་བར་མཐོངས་བསྐྲུན་པ་དང་འབྲེལ། བྱེད་ཐབས་སྣ་མང་གི་དཔེ་ཀློག་བྱེད་སྒོ་སྤེལ་ནས་དཔེ་ཀློག་གི་རྣམ་པ་ཟབ་མོ་བཏོད་ཡོད་ཅིང་། འདི་ནི་མེ་འཁོར་དབྱིབས་ཀྱི་དཔེ་ཁང་ནང་གྲོང་མིས་དཔེ་དེབ་ལྟ་བཞིན་པ།

     ཟླ་4ཚེས་16ཉིན། ཀྲེ་ཅང་ཞིང་ཆེན་ཅ་ཤིང་གྲོང་ཁྱེར་ནན་ཧུའུ་ཆུས་ཏུང་ཀྲན་ཁྲོམ་གཞུང་ནན་ཅང་སྡེ་ཁུལ་གྱི་རིག་ནུས་དཔེ་ཁང་གི་ཉིས་ཐོག་ཏུ་ཏང་ཡོན་དང་བླངས་པས་རྒན་རྒོན་ལ་ཚན་རིག་དང་མཐུན་པའི་ལུས་གསོའི་དཔེ་ཀློག་བྱེད་སྒོ་གཉེར་ཞིང་། འདི་ནི་དཔེ་ཀློག་གི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།