དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ཉིང་ལྕགས་ལམ།

    ཕུག་ལམ་ཉམས་བཟོའི་ལས་ལ་བྲེལ་བའི་བཟོ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-19

    “ཟླ་4ཚེས་1ཉིན་གྱི་མཚན་མོ་བུ་ཁ་མུའུ་ཕུག་ལམ་གྱི་རྩིག་པ་བརྡུངས་བའི་སྒྲས་མཚན་མོའི་ལྷིང་འཇགས་དཀྲོགས། སྒྲ་དེད་ནས་སྐྱོད་སྐབས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ལྷ་ས་རྨང་གཞིའི་སྒྲིག་བཀོད་དུམ་བུ་ཉིང་ཁྲི་ཕྱོགས་བསྡུས་ཉམས་བཟོའི་འཁོར་ཁང་གི་བཟོ་པ་ཚོས་བདེ་སྲུང་ཞྭ་མོ་གྱོན་པ་དང་ལག་ཏུ་ཞིབ་བཤེར་ཡོ་བྱད་ཁྱེར་ནས་ལྷ་ཉིང་ལྕགས་ལམ་གྱི་ཕུག་ལམ་གནས་ཚུལ་ལ་ཞིབ་བཤེར་བྱེད་བཞིན་འདུག

    “དེ་རིང་ང་ཚོས་གཙོ་བོ་བུ་ཁ་མུའུ་ཕུག་ལམ་གྱི་རྩིག་པར་ཞིབ་བཤེར་བྱེད་དགོས་པས་ཚང་མས་ནན་ཏན་ངང་ཞིབ་བཤེར་བྱས་ནས། གནད་དོན་ཡོད་པ་ཤེས་སྐབས་དུས་ཐོག་ཏུ་ཐོ་ཡག་པོ་འགོད་རོགས”ཞེས་འགན་འཁུར་བ་ཚེ་རིང་དོན་གྲུབ་ཀྱིས་ཚང་མར་མངགས་བྱ་ཡང་ཡང་བྱས།

    ཕུག་ལམ་ལ་བརྟག་དཔྱད་བྱ་རྒྱུ་ནི་ལག་རྩལ་དང་ལུས་ཤུགས་ཀྱི་ལས་ཀ་ཞིག་ཡིན་པ་དང་། ཞིབ་བཤེར་ཡོ་བྱད་ནི་བཟོ་པ་ཚོའི་མེད་དུ་མི་རུང་བའི་ལག་ཆ་ཞིག་རེད། ལས་ཡུལ་དུ་བཟོ་པ་ཚོས“སྨི་གཅིག་དང་ས་ཆ་གཅིག་ཀྱང་མ་ལུས་པའི”ལས་ཀའི་རྩ་དོན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ“ལྟ་བ་དང་། རྡུང་བ། ཉན་པ། བརྟག་དཔྱད”བཅས་བྱས་ཏེ་ལས་དོན་སྤེལ་གྱི་ཡོད། མཐོ་ཚད་སྨི་6ཡོད་པའི་འཁོར་སྟེགས་ཐོག་བཟོ་པ་ཝེ་ཡིའུ་ཙུང་གིས་ལག་ཏུ་སྦི་ཅི་ལི་ཁྱེར་ནས་ཕུག་ལམ་ལ་སེར་ཀ་ཡོད་མེད་ཞིབ་བཤེར་ནན་ཏན་བྱེད་པ་དང་། འགྲམ་དུ་ཡོད་པའི་བཟོ་པ་མ་ཁྲང་ཕིང་གིས་ཞིབ་བཤེར་ཡོ་བྱད་ཕུག་ལམ་གྱི་རྩིག་པར་བརྡུངས་ནས་ཞིབ་བཤེར་ནན་ཏན་བྱེད་བཞིན་འདུག

    “ཕུག་ལམ་ལ་སྐྱོན་གང་ཡོད་མེད་མིག་གིས་མཐོང་མི་ཐུབ་པས་ང་ཚོས་ཉམས་མྱོང་ཕུན་སུམ་ཚོགས་པ་དང་རྣ་བས་ཉན་ནས་གང་དུ་སྐྱོན་ཡོད་མེད་ཤེས་པར་བྱེད་ཀྱི་ཡོད”ཅེས་ཝེ་ཡིའུ་ཙུང་གིས་ངོ་སྤྲོད་བྱས། ཞིབ་བཤེར་བྱེད་རིང་བཟོ་པས་མགོ་དང་ལག་པ་ཡུན་རིང་བཀྱགས་ནས་ཆ་སྙོམས་སྐར་མ་གཅིག་ནང་ཐེངས་30ལྷག་ཙམ་རྡུང་དགོས་པ་དང་། མཚན་གཅིག་རིང་ཐེངས་ཁྲི་ལྷག་ཙམ་རྡུང་དགོས་པས། དེ་ནི་ཞིབ་བཤེར་གྱི་རྨང་གཞིར་ཚོད་བགམ་བྱེད་པ་ཞིག་ཡིན་ལ། ལུས་པོའི་ཤེད་ཤུགས་ལའང་འགྲན་སློང་བྱེད་པ་ཞིག་ཡིན། “ལས་ཀ་ཚར་རིམ་བཞིན་མཇིང་པ་དང་ལག་པར་ན་ཟུག་གིས་ཁེངས་ཀྱང་། ང་ཚོས་ཞིབ་བཤེར་བྱས་པའི་ཕུག་ལམ་ནས་མེ་འཁོར་བདེ་འཇགས་ངང་སྐྱོད་པ་མཐོང་སྐབས་སེམས་ནང་སྤོབས་པ་ཚད་མེད་སྐྱེ་ཡི་འདུག”ཅེས་མ་ཁྲང་ཕིང་གིས་གསར་འགོད་པར་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།