དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ད་ལོ་མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་6ལས་ཞུགས་ཐུབ་པ་བྱ་རྩིས་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-19

     ཟླ་4ཚེས་11ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་གྱི་2024ལོའི་དམངས་འཚོའི་དོན་དངོས་འདུ་འགོད་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ད་ལོ་ཞིང་ཆེན་དེས་འཐེན་ཐུག་དང་འཚེམ་དྲུབ་སོགས་ཁྱད་ལྡན་ངལ་ནུས་སྤུས་རྟགས་གང་ལེགས་བཟོས་ནས་ཞིང་པ་ལས་མི་དང་། དམག་ཞབས་ཐིམ་པའི་དམག་མི། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བར་དཀའ་ངལ་ཡོད་པའི་མི་སྣ། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུ་དང་རོགས་སྐྱོར་བཅས་ལ་དམ་འཛིན་ཡག་པོ་བྱས་ཏེ་ཁ་གསབ་རང་བཞིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་མི་ཐེངས་ཁྲི་9བྱ་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་6ལས་ཞུགས་ཐུབ་པ་བྱ་རྒྱུ་དང་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི་106ལས་ཞུགས་གཞན་སྒྱུར་ཐུབ་པར་བྱ་རྩིས་ཡོད་པ་རེད།

    ད་ལོ་མཚོ་སྔོན་ཞིང་ཆེན་གྱིས་སྲིད་ཇུས་རང་བཞིན་གྱི་ལས་གནས་འགན་སྲུང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་གཞུང་ལས་པ་དང་། འདེམས་སྐོང་སློབ་མ་བསྡུ་བ། བྱ་གཞག་ཚན་པ་དང་གཞུང་ཁོངས་ཁེ་ལས་ཀྱི་ལས་བསྡུ་བཅས་བརྒྱུད“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་དང་སློབ་གྲྭ་ཆེན་མོ་བའི་དང་བླངས་ཞབས་ཞུ་སོགས་རྣམ་གྲངས་དོན་འཁྱོལ་བྱས་ཏེ། ཐབས་ལམ་མང་པོའི་ལས་ཞུགས་འགན་ལེན་ནུས་པ་འདོན་སྤེལ་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཙོ་གནད་ཚོགས་སྤྱིར་ལས་ཞུགས་ལས་གནས་8200(དེའི་ནང་གཞུང་ལས་པ་དང་འདེམ་སྐོང་སློབ་མའི་ལས་གནས་1500དང་། ཁེ་ལས་དང་བྱ་གཞག་ཚན་པའི་ལས་གནས་3600“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞིའི་ལས་གནས་1600 སློབ་གྲྭ་ཆེན་མོ་བའི་དང་བླངས་པའི་ལས་གནས་1500བཅས་ཚུད་པ)མཁོ་འདོན་བྱ་རྒྱུ་རེད།

    དུས་མཚུངས་སུ་ཐོན་ལས་དང་ཁེ་ལས་ཀྱི་འཕེལ་རྒྱས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ལ་སྐུལ་འདེད་བཏང་སྟེ་ཐོན་ལས་ཀྱི“ས་བཞི”འཛུགས་སྐྲུན་དང་། གྲངས་འཛིན་དཔལ་འབྱོར། སྐྱེ་དངོས་སྨན་བཟོ། ཚན་རྩལ་གསར་གཏོད་སོགས་གཙོ་གནད་ཁྱད་ལྡན་ཁྱབ་ཁོངས་ལ་དམིགས་ནས་ལོ་འདིའི་ནང་ལས་ཞུགས་ནུས་པ་ཆེ་བའི་ལས་རིགས་གསོ་སྐྱོང་རོགས་སྐྱོར་དང་ནང་འདྲེན་བྱས་ཏེ་ལས་ཞུགས་ལས་གནས་2140གཏོད་རྒྱུ་མ་ཟད། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱས་ཏེ་ལས་ཞུགས་རོགས་སྐྱོར་ཟླ་བ་དང་། དཔྱིད་རླུང་བྱ་སྤྱོད། སློབ་གྲྭའི་ཆེད་དོན་ལས་བསྡུ་སོགས་ཀྱི་ལས་ཞུགས་ཞབས་ཞུའི་བྱེད་སྒོ་ཐེངས་200སྤེལ་རྒྱུ་རེད། གཙོ་གནད་ཁེ་ལས་ཀྱི་ལས་མི་སྤྱོད་པའི་ཞིབ་ཐོ་བཟོ་བ་དང་། ཁེ་ལས་སུ་བཅའ་སྡོད་མི་སྤྱི་སྡེ་ཚན་གྱི་ཞབས་ཞུའི་ཆེད་སྒྲུབ་པ་གཏོང་བ། “ཁེ་ལས་གཅིག་ལ་སྲིད་ཇུས་གཅིག”གིས་མི་སྤྱོད་ལས་གནས་འབྲེལ་མཐུད་དང་གྲབས་གསོག་བྱེད་པ། ཆེད་དོན་ལས་བསྡུ་དང་ཕྱོགས་གཉིས་དྲིལ་བསྒྲགས་ལས་དོན་སྒྲིག་འཛུགས་བྱས་ནས་ཁེ་ལས་ཀྱི་མི་སྤྱོད་དང་ངལ་རྩོལ་ནུས་ཤུགས་ཀྱི་དགོས་མཁོ་ཕན་ནུས་ལྡན་པའི་སྒོ་ནས་འཚམ་པ་བཅས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།