དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཚོང་དོན་བགྲོ་གླེང་ཚོགས་འདུར་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་གྲོས་བསྡུར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-19

     ཚེས་15ཉིན་ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན(ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཨུ་ལྷན)དང་ཨོ་ཀྲུང་བཟོ་ཚོང་ལས་རིགས་ཨུ་ལྷན་གྱིས་ཨོ་སི་ཁྲུ་ལི་ཡའི་ཤིས་ཉི་རུ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཚོང་དོན་བགྲོ་གླེང་ཚོགས་འདུ་མཉམ་དུ་གཙོ་གཉེར་བྱས་ཏེ་ཉེ་དུས་རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་ལས་རིགས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གོ་སྐབས་གསར་པ་བསྐྲུན་པ་རེད།

    ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱི་ཚོགས་གཙོ་རེན་ཧུང་པིན་གྱིས་སྣེ་ཁྲིད་བྱས་པའི་ཀྲུང་གོའི་ཁེ་ལས་མཁས་པའི་མཐུས་མི་ཚོགས་པ་བྱེད་སྒོར་ཞུགས་ཤིང་། ཨོ་སི་ཁྲུ་ལི་ཡའི་ཤིན་ནན་ཝེར་ཧྲེ་ཀྲོའུ་ཡི་ཀྲོའུ་ཏུའུ་མཱ་ཁེ་ལི་ཐེ·པི་ཚི་ལི་དང་ཤིས་ཉིར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་ལས་ཚབ་སྤྱི་ཁྱབ་ཁེ་སྐྱོང་བ་ཝང་ཁྲུན་ཧྲེང་དང་ཨོ་ཀྲུང་བཟོ་ཚོང་ལས་རིགས་ཨུ་ལྷན་གྱི་ཀྲུའུ་ཞི་ཧྲེང་ཝུན(ཕྱི་རྒྱལ་གྱི་མིང་ལ། ཏེ་ཝེ·ཨོར་སན་ཟེར)སོགས་ཚོགས་འདུར་ཞུགས་ནས་ཤིས་ཚིག་བསྒྲོན་པ་རེད། ཀྲུང་ཨོའི་སྐུ་མགྲོན་200ཙམ་གྱིས་རིག་ནུས་ཞིང་ལས་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་ཆས་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས་པ་རེད།

    རེན་ཧུང་པིན་གྱིས་འདི་ལོ་ཀྲུང་ཨོའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་10འཁོར་བ་དང་ཏག་ཏག་འཁེལ་ཡོད། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱིས་དེ་ཉིད་གོ་སྐབས་སུ་བྱས་ནས་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱི་སྒྲིག་གཞི་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱི་དངོས་སྒྲུབ་མཉམ་ལས་ལ་རྒྱབ་སྐྱོར་དེ་བས་མང་བ་བྱས་ཏེ་ཀྲུང་ཨོའི་དཔལ་འབྱོར་ཚོང་དོན་མཉམ་ལས་སླར་ཡང་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་ཨོའི་ཁེ་ལས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ་ནུས་རྒྱུའི་གཏེར་ཐོན་སོགས་སྲོལ་རྒྱུན་གྱི་ཁྱབ་ཁོངས་མཉམ་ལས་བརྟན་དུ་གཏོང་བ་དང་དེར་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག་ལྗང་མདོག་འཕེལ་རྒྱས་དང་། གྲངས་འཛིན་དཔལ་འབྱོར། ཚན་རྩལ་གསར་གཏོད། བདེ་ཐང་ཐོན་ལས་སོགས་གསར་དར་ཁྱབ་ཁོངས་མཉམ་ལས་རྒྱ་ཆེར་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།