དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས“ཞིབ་དཔྱོད་ཀྱིས་དམངས་འཚོ་སྲུང་བའི”བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-19

    ཆེས་མཐོའི་ཞིབ་དཔྱོད་ཁང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། བོད་ཀྱི་ཞིབ་དཔྱོད་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཉེ་ཆར་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས《བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས“ཞིབ་དཔྱོད་ཀྱིས་དམངས་འཚོ་སྲུང་བའི”དོན་འཁྱོལ་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཟོས་ནས་བཀྲམ་ཏེ་གཙོ་གནད་མི་ཚོགས་དང་། གཙོ་གནད་ཁྱབ་ཁོངས། དམངས་འཚོའི་མངོན་གསལ་དོད་པའི་གནད་དོན་བཅས་ལ་དམིགས་ཏེ་དམངས་འཚོའི་ཁྲིམས་འཛིན་འགན་ལེན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།

    《ཇུས་གཞིའི》ནང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་དམངས་འཚོར་དམིགས་ནས་གཤམ་གསལ་གྱི་གཙོ་གནད་ལས་དོན་ཡག་པོ་བསྒྲུབ་དགོས་པ་གསལ་པོར་བཏོན་པ་སྟེ། ཞིབ་ཕྲ་ནི་ངལ་རྩོལ་པ་དང་ལྷག་པར་དུ་སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་གསར་གྱི་ངལ་རྩོལ་པའི་ཁེ་དབང་འགན་ལེན་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་དགོས་པ་དང་། དངུལ་རྩའི་ཁྱབ་ཁོངས་ཀྱི་དམངས་དོན་ཞིབ་དཔྱོད་ལྟ་སྐུལ་གནད་འཁེལ་བྱས་ནས་དངུལ་རྩའི་ཁྲོམ་རའི་བྱེད་པོའི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱས་ཏེ་ས་ཁང་བདག་ཁོངས་དང་འབྲེལ་བའི་རྩོད་གཞི་ཐག་གཅོད་ཡག་པོ་བྱེད་དགོས་པ། ཚོང་ཟོག་རྫུན་མ་དང་འབྲེལ་བའི་གན་རྒྱའི་རྩོད་གཞིའི་དམངས་དོན་ཞིབ་དཔྱོད་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་དྲ་རྒྱའི་ལས་རྣམ་གསར་པའི་བཟའ་བཅའི་བདེ་འཇགས་དང་འབྲེལ་བའི་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་ལས་དོན་སྤེལ་བ་དང་། ཁྲིམས་བཞིན་ཚོང་ཟོག་རྫུན་མ་ཐོན་སྐྱེད་དང་ཕྱིར་ཚོང་གི་ཉེས་གསོག་ལ་རྡུང་རྡེག་ནན་པོ་གཏོང་བ། སྡེ་ཁུལ་གྱི་སྡེབ་ཉོ་དང་། དྲ་རྒྱའི་ཚོང་གཉེར། ཐད་གཏོང་ཟོག་ཚོང་སོགས་ལས་རྣམ་གསར་པའི་བཟའ་བཅའི་བདེ་འཇགས་དང་འབྲེལ་བའི་གནད་དོན་ལ་དམིགས་ཏེ་ཆེད་དོན་ལྟ་སྐུལ་བཅས་བྱེད་དགོས་པ། སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་ལ་ཁྲིམས་འཛིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ཁྲིམས་འཛིན་རོགས་སྐྱོབ་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ། སྤྱི་ཚོགས་འགན་བཅོལ་ཁྱབ་ཁོངས་ཀྱི་ཞིབ་དཔྱོད་ལྟ་སྐུལ་ལས་དོན་ཡག་པོ་སྒྲུབ་དགོས་པ། དབང་པོ་སྐྱོན་ཅན་དང་། རྒན་རྒོན། ན་སོ་དར་ལ་མ་བབས་པའི་མི། བུད་མེད་སོགས་དམིགས་བསལ་ཚོགས་སྤྱིའི་ཁེ་དབང་འགན་སྲུང་བྱེད་ཟབ་ཏུ་གཏོང་དགོས་པ། རྒྱལ་སྲུང་ཁེ་ཕན་དང་དམག་མི་དང་དམག་མིའི་ཁྱིམ་མི་དང་སྔོན་གཤེགས་དཔའ་བོའི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་དམག་མི་དང་། དམག་མིའི་ཁྱིམ་མི། སྔོན་གཤེགས་དཔའ་བོ་སོགས་ཚོགས་སྤྱིའི་ཁེ་དབང་སྲུང་སྐྱོང་བྱེད་པར་དམིགས་ཏེ་དམག་མིའི་ཁྱིམ་མིའི་ལག་ཁྱེར་སྒྲུབ་གཉེར་དང་། དམག་མི་དང་དམག་མིའི་ཁྱིམ་མིའི་ཐོབ་ཐང་འགན་སྲུང་དང་འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་། སྔོན་གཤེགས་དཔའ་བོའི་གཟི་བརྗིད་མཚན་སྙན་ལོངས་སུ་སྤྱོད་དབང་དང་མིང་གྲགས་ཐོབ་དབང་སྲུང་སྐྱོང་། སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་བཀོད་སྲུང་སྐྱོང་། གྱོད་དོན་ཐོན་པའི་དབང་གིས་དཀའ་ངལ་ཅན་དུ་གྱུར་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱེད་དགོས་པ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་རྒོལ་བའི་ཞིབ་དཔྱོད་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ། སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། “ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་ཞིབ་དཔྱོད་ལས་དོན་སྤེལ་དགོས་པ་སོགས་ཡིན་པ་རེད།

    《ཇུས་གཞིའི》ནང་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། དམངས་ཆེད་ཁྲིམས་འཛིན། ཁྲིམས་སྐྱོང་གི་ཐེག་པ་ཁུར་ལེན་བཅས་མཐའ་འཁྱོངས་བྱས་ཏེ་ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་བསྐང་རྒྱུ་དེ་ཞིབ་དཔྱོད་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱེད་པ་དང་། གྱོད་གཞི་སྒྲུབ་གཉེར་གྱི་ལས་འགན་གཙོ་བོར་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ། ལྟ་སྐུལ་ཡོ་བསྲང་དང་། ཡོངས་བསྒྲགས་དཔང་ཉན། ཁྲིམས་འཛིན་རོགས་སྐྱོབ། ཁྲིམས་འགྲེལ་གསལ་བཤད་སོགས་ཀྱི་བྱ་ཐབས་ཕྱོགས་བསྡུས་ཐོག་སྤྱོད་པ། སྤྱི་ཚོགས་སྟེང་ཤུགས་རྐྱེན་ལྡན་པའི་དམངས་འཚོ་དང་འབྲེལ་བའི་གྱོད་གཞི་ཁག་གཅིག་ཁྲིམས་ལྟར་ཐག་གཅོད་བཅས་བྱས་ནས་ཁྲིམས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་འཚོའི་བདེ་རྩ་ཆེ་རུ་ཏན་ཏིག་གཏོང་དགོས། “ལས་སྒོ་གཙོ་བོར་བྱེད་པ་དང་། གྲངས་གཞི་བསྡུ་སྒྲིལ། ལག་རྩལ་འདེགས་སྐྱོར། གཙོ་གནད་བཀོལ་སྤྱོད”བཅས་ཀྱི་གྲངས་འཛིན་ཞིབ་དཔྱོད་ལས་ཀའི་ལམ་སྲོལ་འཛུགས་པ་དང་། རིམ་གསུམ་ཞིབ་དཔྱོད་ནང་ཁུལ་གྱི་གྲངས་གཞི་བེད་སྤྱོད་ལྷུག་པོ་དང་བེད་སྤྱོད་གང་ལེགས་བྱེད་པ། ཕྱི་རོལ་གྱི་གྲངས་གཞི་རང་འགུལ་ངང་རྒྱ་སྐྱེད་དང་བེད་སྤྱོད་ལུགས་མཐུན་བྱེད་པ། གྲངས་གཞི་ཆེན་པོ་བེད་སྤྱོད་གང་ལེགས་བྱས་ནས་རིགས་འདྲའི་གྱོད་གཞིར་ལྟ་སྐུལ་དང་གཏིང་ཟབ་པའི་ལྟ་སྐུལ་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། དཔེ་མཚོན་གྱོད་དཔེ་ཁྱབ་བསྒྲགས་དང་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཚོགས་པ་སོགས་ཀྱི་རྣམ་པ་ཧུར་ཐག་སྤྱད་དེ་གྱོད་དཔེའི་རྒྱབ་ཀྱི་ཞིབ་དཔྱོད་དམངས་ཆེད་ཀྱི་གཏམ་རྒྱུད་ཡག་པོ་བཤད་ནས་བོད་ཀྱི་ཞིབ་དཔྱོད་ཀྱི་ཤུགས་རྐྱེན་སྔར་བས་ཆེ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།