དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2012ལོ་ནས་བཟུང་བོད་ལྗོངས་མལ་གྲོ་གུང་དཀར་རྫོང་ནས་རིག་དངོས་ཁུལ་54གསར་དུ་རྙེད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-04-18

    ཟླ་4ཚེས་11ཉིན་ཡོངས་བཤེར་མི་སྣས་ཆོས་འཁོར་སྒང་མཆོད་རྟེན་ཚོགས་ཀྱི་རྗེས་ཤུལ་དུ་གྲངས་གཞི་འཚོལ་བསྡུ་བྱེད་བཞིན་པ།

    ཟླ་4ཚེས་11ཉིན་ཡོངས་བཤེར་མི་སྣས་སྒུལ་བདེའི་མཐའ་སྣེའི་གྲངས་གཞི་འཚོལ་བསྡུའི་སྒྲིག་ཆས་འཁྱེར་ནས་གྲངས་གཞི་འཚོལ་བསྡུ་བྱེད་བཞིན་པ།

    བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་ཚོད་ལྟའི་ལས་དོན་ཟླ་4ཚེས་11ཉིན་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་དངོས་སུ་སྤེལ་འགོ་ཚུགས་ཡོད། གསར་འགོད་པར་འགོ་ཚུགས་མཛད་སྒོའི་ཐོག་ནས་ཤེས་རྟོགས་བྱུང་བར། 2012ལོ་ནས་བཟུང་མལ་གྲོ་གུང་དཀར་རྫོང་ནས་གནའ་ཤུལ་དང་། གནའ་བོའི་བང་སོ། གནའ་བོའི་བཟོ་སྐྲུན། བྲག་ཕུག་ལྷ་ཁང་། དེ་བཞིན་རྡོ་བརྐོས་སོགས་རིག་དངོས་ཁུལ་54གསར་དུ་རྙེད་ཡོད།

    བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་ཆོས་སྒྲོན་གྱིས“མལ་གྲོ་གུང་དཀར་རྫོང་དུ་སྤོ་མི་རུང་བའི་རིག་དངོས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་རིག་དངོས་ཀྱི་སྣ་ཁ་མང་བས་དེ་གར་རིག་དངོས་ཡོངས་བཤེར་གྱི་ཚོད་ལྟའི་ལས་དོན་སྤེལ་ཚེ། ཕྱོགས་གཅིག་ནས་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་ཚོད་ལྟའི་ཞིང་སར་བརྩིས་ཏེ་ཡོངས་བཤེར་གྱི་རྐང་འཛིན་པ་ཁག་གཅིག་སྦྱོང་བརྡར་དང་གསོ་སྐྱོང་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་ཡོངས་བཤེར་ལས་དོན་གྱི་ལག་རྩལ་ལམ་ཕྱོགས་དང་། ལས་ཀའི་བརྒྱུད་རིམ། ཚད་གཞི་ཚད་ལྡན། ཡོངས་བཤེར་མ་ལག དེ་བཞིན་འཚོལ་བསྡུའི་མཉེན་ཆས་བཅས་ཞིབ་དཔྱད་ཐུབ་པ་མ་ཟད་འཐུས་སྒོ་ཚང་དུ་ཡང་གཏོང་ཐུབ”ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་པ་བྱེད་རིང་། རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ཐེངས་གསུམ་པ་བྱས་རྗེས་གཏན་འཁེལ་དང་ཐོ་འགོད་བྱས་པའི་སྤོ་མི་རུང་བའི་རིག་དངོས་4277ལ་བསྐྱར་བཤེར་བྱེད་པ་དང་ཆབས་ཅིག “ཡོངས་བཤེར་ཐེངས་གསུམ་པའི”ཐོ་འགོད་བྱས་མེད་པ་དང་2012ལོ་ནས་བཟུང་གསར་དུ་རྙེད་པའི་སྤོ་མི་རུང་བའི་རིག་དངོས་བརྟག་དཔྱད་དང་། གཏན་འཁེལ། ཐོ་འགོད་བཅས་བྱེད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།