དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཝང་དབྱིས་དབྱི་རན་གྱི་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལ་ཤིས་དབྱང་དང་ཁ་པར་ནས་གླེང་མོལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-04-18

    ཟླ་4ཚེས་15ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱིས་ཁ་ཆད་ལྟར་དབྱི་རན་གྱི་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལ་ཤིས་དབྱང་དང་ཁ་པར་ནས་གླེང་མོལ་བྱས་པ་རེད།

    ཨ་པུའུ་ཏུའུ་ལ་ཤིས་དབྱང་གིས། སི་རི་ཡར་བཅའ་སྡོད་དབྱི་རན་གྱི་གཞུང་ཚབ་ཁང་གི་ལས་ཤག་ལ་འཇབ་རྒོལ་ཕོག་པའི་དོན་རྐྱེན་ཐད་དབྱི་རན་གྱི་ལངས་ཕྱོགས་ངོ་སྤྲོད་བྱས་ཤིང་། ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དེའི་ཐད་དགོས་ངེས་ཀྱི་ལན་བཏབ་མེད་པས་དབྱི་རན་ཕྱོགས་ཀྱིས་བདག་དབང་ལ་བཙན་གནོད་ཕོག་པར་རང་སྲུང་རྒོལ་ལན་སློག་དབང་ཡོད། མིག་སྔའི་ས་ཁུལ་གྱི་དུས་བབ་ཧ་ཅང་ཚོར་སྣང་སྐྱེན་པོ་ཡོད་པས་དབྱི་རན་ཕྱོགས་ཀྱིས་བཟོད་སྒོམ་བྱེད་འདོད་ཡོད་པ་ལས་དུས་བབ་སྔར་བས་ཛ་དྲག་ཏུ་གཏོང་འདོད་མེད། དབྱི་རན་ཕྱོགས་ནས་ཅ་ཧྲར་འཕྲལ་མར་དམག་མཚམས་འཇོག་པའི་འདོད་ཚུལ་འཛིན་གྱི་ཡོད་ལ་ཀྲུང་གོ་ཕྱོགས་ཀྱིས་དམག་མཚམས་འཇོག་རྒྱུར་སྐུལ་འདེད་གཏོང་བ་དང་། ས་ཁུལ་གྱི་བདེ་འཇགས་སླར་གསོ་བྱེད་པ། ས་ཁུལ་རྒྱལ་ཁབ་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐད་འབད་བརྩོན་ཧུར་ཐག་བྱས་པར་རྒྱབ་སྐྱོར་ཡང་བྱ་རྒྱུ་ཡིན། དབྱི་རན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དབྱི་ཀྲུང་མཉམ་ལས་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

    ཝང་དབྱིས། ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡར་བཅའ་སྡོད་དབྱི་རན་གྱི་གཞུང་ཚབ་ཁང་གི་ལས་ཤག་ལ་འཇབ་རྒོལ་ཕོག་པའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་གཏོང་རྒྱུ་དང་འབྲེལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། དོན་རྐྱེན་དེ་རྒྱལ་སྤྱིའི་བཅའ་ཁྲིམས་ལས་ཚབས་ཆེན་འགལ་བས་དང་ལེན་བྱེད་ཐབས་བྲལ་བའི་ངོས་འཛིན་བྱེད་ཀྱི་ཡོད། དབྱི་རན་གྱིས་དབྱི་རན་ཕྱོགས་ཀྱིས་སྤེལ་བའི་བྱ་སྤྱོད་ལ་ཚད་ཡོད་པ་དང་། ལས་ཤག་ལ་འཇབ་རྒོལ་ཕོག་པའི་དོན་རྐྱེན་ལ་རང་སྲུང་དབང་ཆ་སྤྱོད་རྒྱུ་ཡིན་ཞེས་པ་དེར་ཀྲུང་གོ་ཕྱོགས་ཀྱིས་དོ་སྣང་བྱུང་། དབྱི་རན་ཕྱོགས་ཀྱིས་ས་ཁུལ་རྒྱལ་ཁབ་དང་མཐའ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ལ་དམིགས་པ་མིན་པ་ནན་བཤད་བྱས་པ་དང་ཁྱིམ་མཚེས་རྒྱལ་ཁབ་ལ་སྤྱོད་པའི་མཛའ་གྲོགས་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་བསྐྱར་བསྒྲགས་བྱས་པར་བསྔགས་བརྗོད་ཀྱང་བྱ་རྒྱུ་ཡིན། དབྱི་རན་གྱིས་དུས་བབ་ལ་ཡག་པོ་བསྟུན་ནས་དབྱི་རན་ཕྱོགས་ཀྱི་བདག་དབང་དང་ལ་རྒྱ་སྲུང་བ་དང་དུས་མཚུངས། དུས་བབ་སྔར་བས་ཟང་ཟིང་མི་ཡོང་བའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།

    ཝང་དབྱིས། མིག་སྔའི་དུས་བབ་ནི་ཅ་ཧྲར་གདོང་ཐུག་ཤུགས་ཆེ་རུ་ཕྱིན་པའི་ཕྱིར་འཐོར་ནུས་འབྲས་ཤིག་ཡིན། ད་ཆའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་2728པ་གང་མགྱོགས་དོན་འཁྱོལ་བྱས་ནས་ཅ་ཧྲར་དམག་མཚམས་བཞག་སྟེ་མི་སེར་ལ་སྲུང་སྐྱོབ་ཏན་ཏིག་བྱས་ནས་མི་ཆོས་ཀྱི་ཆག་སྒོ་སྔར་བས་ཆེ་རུ་འགྲོ་རྒྱུ་སྔོན་འགོག་བྱ་རྒྱུ་དེ་རེད། ཀྲུང་གོ་ཕྱོགས་ཀྱིས་དབྱི་རན་ཕྱོགས་དང་འབྲེལ་གཏུག་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཕ་ལེ་སི་ཐན་གྱི་གནད་དོན་ཕྱོགས་ཡོངས་དང་། དྲང་གཞག ཡུན་རིང་བཅས་ཀྱི་སྒོ་ནས་ཐག་གཅོད་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་དབྱི་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་དབྱི་རན་ཕྱོགས་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བརྟན་པོ་བཏང་ནས་ཀྲུང་དབྱིའི་འབྲེལ་བའི་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།