དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧྲན་ཏུང་རོང་ཁྲེང་གྲོང་ཁྱེར་གྱིས་ད་ལོའི་མི་500ཡི་ཕྱི་རྒྱལ་གྱི་ཡུལ་སྐོར་ཚོགས་པ་ཁག་དང་པོ་བསུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-18

    འདི་ནི་ཧྲན་ཏུང་ཞིང་ཆེན་རོང་ཁྲེང་གྲོང་ཁྱེར་ཧྲི་ཏའོ་དོ་དམ་ཆུས་ཧྲི་ཏའོ་གྲུ་ཁ་གསར་པའི་འགག་སྒོར་ཧན་གོའི་ཡུལ་སྐོར་བས་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་ནས་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་པར་འགྲོ་བའི་གནས་ཚུལ་ཡིན་པ།

    ཉེ་ཆར། ཧན་གོའི་རེན་ཁྲོན་སོགས་ས་གནས་ནས་ཡོང་བའི་ཧན་གོའི་ཡུལ་སྐོར་བ་500ལྷག་ཙམ་གྱིས་ཧྭ་ཏུང་མུ་ཏིག་ཨང་8པ་རྟགས་ཅན་གྱི་གྲུ་གཟིངས་བསྡད་དེ་ཧྲན་ཏུང་ཞིང་ཆེན་རོང་ཁྲེང་གྲོང་ཁྱེར་ཧྲི་ཏའོ་དོ་དམ་ཆུས་ཧྲི་ཏའོ་གྲུ་ཁ་གསར་པའི་འགག་སྒོར་འབྱོར་བས་ཧན་གོའི་ཡུལ་སྐོར་བའི་དཔྱིད་དུས་ཀྱི་ཡུལ་སྐོར་བྱེད་འགོ་ཚུགས་པ་རེད།

    རོང་ཁྲེང་གྲོང་ཁྱེར་ནི་ཧན་གོ་དང་ཐག་ཉེ་ཤོས་ཀྱི་རང་རྒྱལ་གྱི་གྲོང་ཁྱེར་ཞིག་ཡིན་ལ་ཀྲུང་གོ་དང་ཧན་གོའི་རྒྱལ་སྤྱིའི་མཚོ་ཐོག་འགྲུལ་སྐྱེལ་གྲུ་གཟིངས་ཀྱི་མཚོ་ལམ་གཉིས་ཡོད་ཅིང་། དེ་ནི་ཀྲུང་གོ་དང་ཧན་གོའི་དཔལ་འབྱོར་ཚོང་དོན་རིག་གནས་དང་མི་སྣ་སྤེལ་རེས་ཀྱི་ས་གནས་དང་པོ་ཡང་ཡིན་པ་རེད། ད་ལོ་ནས་བཟུང་རོང་ཁྲེང་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་སྡེ་ཚན་གྱིས་ཡུལ་སྐོར་ཁྲོམ་ར་སླར་གསོའི་གོ་སྐབས་དམ་འཛིན་བྱས་ཏེ་ལེ་ལག་ཚང་བའི་ཞབས་ཞུ་འཐུས་ཚང་དང་། སྤུས་ལེགས་ལམ་ཐིག་ཁྱབ་སྤེལ། ཁྱད་ལྡན་རིག་གནས་ཁྱབ་སྤེལ་སོགས་ཀྱི་ལས་དོན་དམ་འཛིན་ཏན་ཏིག་བྱས་ཤིང་། ཧན་གོ་དང་། རི་པིན། ཨུ་རུ་སུ་བཅས་ཀྱི་ཡུལ་སྐོར་ཡོང་ཁུངས་ཀྱི་ཁྲོམ་ར་མུ་མཐུད་རྒྱ་ཆེར་བཏང་ནས་ས་གནས་དེ་གའི་ཡུལ་སྐོར་གྱི་རྒྱལ་སྤྱིའི་ཁྱབ་སྤེལ་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་གཏོང་བཞིན་ཡོད། རྒྱལ་མཚམས་སུ་འཛུལ་བའི་ཡུལ་སྐོར་བར་སྟབས་བདེ་དང་ཐོགས་མེད་ཀྱི་འགག་སྒོ་སྒྲོལ་བའི་ཁོར་ཡུག་བསྐྲུན་ཆེད། འགག་སྒོ་སོགས་སྡེ་ཚན་གྱིས་ཀྱང་གྲ་སྒྲིག་ཧུར་ཐག་བྱས་ནས་ཞབས་ཞུ་ལེགས་གཏོང་དང་བརྒྱུད་རིམ་སྟབས་བདེར་བཏང་ནས་ཡུལ་སྐོར་བར་ཉམས་ལེན་གྱི་ཁོར་ཡུག་ཡག་པོ་ཞིག་སྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།