དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོར་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི་9.46འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-18

    ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོར་རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི་9.46འཕར་བའི་ནང་ཁེ་ལས(བྱ་གཞག)ཚན་པའི་དངུལ་བུན་སྒོར་དུང་ཕྱུར་ཁྲི་7.77འཕར་བ་རེད། དུས་ཚིགས་དང་པོའི་དུས་མཇུག་བར་རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་247.05ཟིན་པ་དེ་དུས་མཚུངས་ལས་9.6%འཕར་བ་རེད།

    དུས་ཚིགས་དང་པོར་རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་གསོག་དངུལ་འཕར་ཚད་སྒོར་དུང་ཕྱུར་ཁྲི་11.24ཟིན་པ་རེད། དུས་ཚིགས་དང་པོའི་དུས་མཇུག་བར་རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་གསོག་དངུལ་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་295.51ཟིན་པ་དེ་དུས་མཚུངས་ལས་7.9%འཕར་བ་རེད།

    བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། དུས་ཚིགས་དང་པོར་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་འཕར་ཚད་རིམ་རྩིས་ལྟར་ན་སྒོར་དུང་ཕྱུར་ཁྲི་12.93ཟིན་པའི་ནང་དངོས་ཚན་དཔལ་འབྱོར་ལ་བཏང་བའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི་9.11འཕར་བ་རེད། དུས་ཚིགས་དང་པོའི་དུས་མཇུག་བར། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་390.32ཟིན་པ་དེ་དུས་མཚུངས་ལས་8.7%འཕར་བའི་ནང་དངོས་ཚན་དཔལ་འབྱོར་ལ་བཏང་བའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་244.59ཟིན་པ་དེ་དུས་མཚུངས་ལས་9.2%འཕར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།