དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཇར་མན་གྱི་ལེ་ཨོ་ཁུའུ་སེན་རུ་ཁག་གིས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-18

    2023ལོ་དང་2024ལོའི་འགྲན་དུས་ཀྱི་འཇར་མན་རྐང་རྩེད་སྤོ་ལོའི་ཀ་པ་རིམ་པའི་རིམ་མཚུངས་འགྲན་བསྡུར་གྱི་རེས་སྐོར་29པའི་འགྲན་བསྡུར་ནང་། ལེ་ཨོ་ཁུའུ་སེན་རུ་ཁག་གིས་བསྡུར་གྲངས་5∶0གྱི་ཐོག་ནས་ཡུན་ཏ་པུའུ་ལའེ་མེ་རུ་ཁག་ལས་རྣམ་པར་རྒྱལ་ཏེ་འགྲན་དུས་འདིའི་འཇར་མན་རྐང་རྩེད་སྤོ་ལོའི་ཀ་པ་རིམ་པའི་རིམ་མཚུངས་འགྲན་བསྡུར་གྱི་ཨང་དང་པོ་བླངས་ཡོད། དེ་ནི་ལེ་ཨོ་ཁུའུ་སེན་རུ་ཁག་གིས་ལོ་རྒྱུས་ཐོག་འཇར་མན་རྐང་རྩེད་སྤོ་ལོའི་ཀ་པ་རིམ་པའི་རིམ་མཚུངས་འགྲན་བསྡུར་གྱི་ཨང་དང་པོ་ལེན་ཐེངས་དང་པོ་དེ་རེད།

    འདི་ནི་ལེ་ཨོ་ཁུའུ་སེན་རུ་ཁག་གི་སྤོ་ལོ་དབྱིངས་པ་ཚོས་འགྲན་བསྡུར་ཚར་རྗེས་ཨང་དང་པོ་བླངས་པར་དགའ་འབོད་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།