དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འདམ་གཞུང་རྫོང་སྨན་རྩིས་ཁང་གི་སྒོ་བྱང་བཀལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-18

    ཟླ་4ཚེས་15ཉིན་འདམ་གཞུང་རྫོང་སྨན་རྩིས་ཁང་གིས་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་དེ་ཐོག་ནས་སྨན་བཅོས་ཞབས་ཞུའི་ཁྱབ་ཁོངས་སུ་འདམ་གཞུང་རྫོང་གིས་གོམ་སྟབས་གསར་པ་སྤོས་པ་དང་རྫོང་ཡོངས་ཀྱི་བོད་ཀྱི་གསོ་བ་རིག་པའི་བྱ་གཞག་འགོ་འཛུགས་ས་གསར་པ་དང་རྒྱང་ལམ་གསར་པ་བསུས་པ་མཚོན་ཡོད། སྨན་རྩིས་ཁང་གི་སྒོ་བྱང་བཀལ་བ་དེས་རྒྱ་ཆེའི་ནད་པར་སྨན་བཅོས་ཀྱི་གདམ་ག་གསར་པ་ཞིག་མཁོ་འདོན་ཐུབ་པ་མ་ཟད། བོད་ཀྱི་གསོ་བ་རིག་པའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་ཞིག་དེ་བས་ཀྱང་རེད།

    འདམ་གཞུང་རྫོང་སྨན་རྩིས་ཁང་གིས་ཚད་གཞི་མཐོ་པོས་ལག་བསྟར་བྱེད་འགོ་ཚུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་བོད་ཀྱི་གསོ་བ་རིག་པའི་བྱ་གཞག་རྒྱུན་འཛིན་གསར་གཏོད་དང་། བོད་ཀྱི་གསོ་བ་རིག་པའི་རིག་གནས་ཀྱི་ཉིང་བཅུད་སྔོག་འདོན་གཏིང་ཟབ། བོད་ཀྱི་གསོ་བ་རིག་པའི་རིག་གནས་དང་དེང་རབས་ཀྱི་གསོ་རིག་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱི་སྨན་བཅོས་ཀྱི་དགོས་མཁོ་དེ་བས་ལེགས་པར་སྐོང་རྒྱུ་རེད། སྨན་དོན་ལས་དོན་པས་ད་ཐེངས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་འགོ་འཛུགས་ས་གསར་པར་བྱས་ནས་སྲོག་སྐྱོབ་རྨས་སྐྱོར་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་བྱང་ཆུབ་པའི་ལག་རྩལ་དང་སྤུས་ལེགས་ཀྱི་ཞབས་ཞུར་བརྟེན་ཏེ། རྒྱ་ཆེའི་ནད་པར་བདེ་འཇགས་དང་། ནུས་ལྡན། སྟབས་བདེ་བཅས་ཀྱི་སྨན་བཅོས་ཞབས་འདེགས་ཞུ་བ་དང་རྫོང་ཡོངས་ཀྱི་མི་དམངས་ཀྱི་བདེ་ཐང་དང་བདེ་རྩའི་ཆེད་སྟོབས་ཤུགས་དེ་བས་ཆེ་བ་ལེགས་སྐྱེས་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།