དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་བདམས་ཐོན་པ་22རྒྱལ་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་གཉིས་པར་ཞུགས་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-18

    ཟླ་5ཚེས་8ནས་10ཉིན་བར་རྒྱལ་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་གཉིས་པ་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་དུ་གཉེར་རྒྱུ་ཡིན་པ་དང་རིམ་པ་བཞིན་གདམ་གསེས་བྱས་པ་བརྒྱུད་བདམས་ཐོན་པ་22བོད་ཀྱི་ཚབ་བྱས་ནས་རྒྱལ་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་གཉིས་པའི་རྣམ་གྲངས་11གི་འགྲན་བསྡུར་ལ་ཞུགས་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ལ་ཞུགས་མཁན་བདམས་ཐོན་པ་22ནི་2023ལོར་གཉེར་བའི་རང་སྐྱོང་ལྗོངས་ཀྱི་ལག་རྩལ་བཟོ་པའི(ལས་རིགས)སློབ་གླིང་དང་སློབ་གྲྭའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་དང་པོ་དང་རང་སྐྱོང་ལྗོངས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་ལྔ་པར་རིམ་གྱིས་བདམས་ཐོན་བྱུང་བ་ཞིག་ཡིན་ལ། རང་ལྗོངས་ཀྱི་ལས་རིགས་རྩལ་ནུས་ཀྱི་ཆུ་ཚད་ཡག་ཤོས་ཀྱང་མཚོན་གྱི་ཡོད། བདམས་ཐོན་པ་དེ་དག་བོད་ཀྱི་ལག་ཤེས་སློབ་གླིང་དང་། ལྷ་སའི་ལས་རིགས་ལག་རྩལ་སློབ་གྲྭ་དང་པོ། ལྷ་སའི་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ། ཉིང་ཁྲི་མཐོ་རིམ་ལག་རྩལ་བཟོ་པའི་སློབ་གྲྭ ཉིང་ཁྲི་ལས་རིགས་སློབ་གྲྭ ཆབ་མདོ་ལག་རྩལ་བཟོ་པའི་སློབ་གྲྭ་བཅས་ནས་ཡོང་བ་དང་། ཨར་ལས་དང་། རླངས་འཁོར་ཉམས་བཟོ ཞིང་འཕྲུལ་ཉམས་བཟོ གློག་ལས། མཛེས་བཟོ་སྐྲ་བཞར། རྒན་གསོའི་གཡོག་བྱེད། རྒྱ་ཐུག ཟ་ཁང་ཞབས་ཞུ། དྲ་ཐོག་ཚོང་ཁང་། ཇ་རྩལ་སོགས་ཀྱི་འགྲན་བསྡུར་ལ་ཞུགས་རྒྱུ་རེད། འགྲན་བསྡུར་རིང་རང་ལྗོངས་ཀྱི་རྣམ་གྲངས་4ཡི་གྲོང་གསེབ་ཀྱི་བཟོ་བོ་12ལག་རྩལ་སྤེལ་རེས་ཀྱི་འགྲན་བསྡུར་ལ་ཞུགས་རྒྱུ་རེད།

    རྒྱལ་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་ནི་མི་སྤྱི་པུའུ་དང་ཞིང་ལས་གྲོང་གསེབ་པུས་མཉམ་དུ་གཉེར་བ་ཞིག་ཡིན་པ་དང་དེའི་དམིགས་ཡུལ་ནི་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་བཏང་ནས་གྲངས་འབོར་ངེས་ཅན་དང་། གྲུབ་ཆ་ལུགས་མཐུན། བྱང་ཚད་མཐོ་བ་བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་རྩལ་ནུས་ཤེས་ལྡན་པའི་དཔུང་ཁག་ཁག་གཅིག་གསོ་སྐྱོང་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་རྩལ་ནུས་ཡོད་པའི་ཤེས་ལྡན་པ་མཁོ་འདོན་བྱ་རྒྱུ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།