དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་དངུལ་རྩའི་ལས་རིགས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་ཕན་འབྲས་དངོས་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-18

    ཉེ་བའི་ལོ་ཤས་རིང་། ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་མཛུབ་ཁྲིད་བྱ་ཡུལ་ཁོངས་གཏོགས་ཀྱི་དངུལ་རྩའི་སྒྲིག་གཞིས་དངུལ་རྩའི་ཚན་རྩལ་འཕེལ་རྒྱས་འཆར་འགོད་དོན་འཁྱོལ་ཧུར་ཐག་དང་། གྲངས་འཛིན་ཅན་གྱི་བྱ་ཐབས་ལ་བརྟེན་ནས་ཐོན་རྫས་ཞབས་ཞུ་ལེགས་སུ་གཏོང་རྒྱུ་འཚོལ་ཞིབ། གྲངས་འཛིན་ལས་གཉེར་གྱི་སྒུལ་ནུས་འཕེལ་བར་བྱེད་པ། དངུལ་རྩའི་ཞབས་ཞུའི་སྤུས་ནུས་གཉིས་ཀ་ཆེར་གཏོང་བཅས་བྱས་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་མཛུབ་ཁྲིད་བྱ་ཡུལ་ཁོངས་གཏོགས་ཀྱི་དངུལ་རྩའི་སྒྲིག་གཞིས་རིག་ནུས་སྲིད་དོན་འཛུགས་སྐྱོང་ནང་ཞུགས་ཏེ་དམངས་འཚོར་ཞབས་ཞུ་བྱེད་སྟངས་དེ“མང་ཚོགས་ཕར་རྒྱུག་ཚུར་རྒྱུག་ཉུང་ཙམ་བྱེད་པ”ནས“དྲ་ཐོག་ནས་སྒྲུབ་པའི”བར་འགྱུར་ལྡོག་ཡོང་བར་སྐུལ་འདེད་བཏང་ཡོད། ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང“རིག་ལྡན་གྲོང་ཁྱེར”འཛུགས་སྐྲུན་ནང་ཞུགས་ཏེ། སྲིད་གཞུང་སྡེ་ཚན་ལ་དོ་དམ་གྱི་མ་གནས་དམའ་རུ་གཏོང་བ་དང་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་འགྲོ་བར་རམ་འདེགས་བྱས་ཡོད།

    འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ལྷོ་ནུབ་ས་ཁུལ་གྱི་ཞིང་ཆེན་བསྒྲལ་ནས་ལས་དོན་སྒྲུབ་པའི་ལས་སྟེགས་བཙུགས་པས“ཁང་པ་ཉོ་བར་སྤྱི་གསོག་མ་དངུལ་ལེན་པ་དང་འགན་བཅོལ་དངུལ་རེ་ཞུ་བྱེད་པ”སོགས་ཞབས་ཞུའི་དོན་གནད་102ཡུལ་གཞན་ནས་སྒྲུབ་ཐུབ་པ་བྱུང་ཡོད། ཀོང་ཏཱ་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས“ཀོང་ཏཱ་སྤྲིན་ཚོམ་ནས་གྲོན་དངུལ་འཇལ་བའི”རྣམ་གྲངས་ལག་ལེན་བསྟར་ཏེ་ཁོངས་གཏོགས་ཁུལ་དུ་གྲོན་དངུལ་ཚབ་བསྡུའི་རྣམ་གྲངས་60ལྷག་ཙམ་བསྒྲུབས་པ་དང་། 2023ལོར་གྲོན་དངུལ་འཇལ་བའི་དངུལ་འབོར་གྲངས་སྒོར་དུང་ཕྱུར་3ལྷག་ཙམ་ཟིན་ཡོད།

    གཞན་ཡང་། ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས“སྒུལ་བདེའི་དངུལ་རྩའི་ཞབས་ཞུའི་རླངས་འཁོར”ཁྱབ་གདལ་བཏང་ནས་ཐག་རིང་འབྲོག་ཁུལ་དང་མཐའ་མཚམས་ཀྱི་འཐབ་ས་དང་པོར་སྟབས་བདེ་ལ་མྱུར་བའི་དངུལ་རྩའི་ཞབས་འདེགས་ཞུས་ཡོད། ཞིང་འབྲོག་ཁུལ་གྱི་ཡིད་རྟོན་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བས་མིག་སྔར་ཁོངས་གཏོགས་ཁུལ་གྱི་མི་སྒེར་གྱི་ཡིད་རྟོན་སྙན་ཞུ་ལེན་སའི་རང་འགུལ་འདྲི་རྩད་འཕྲུལ་འཁོར་རྫོང་ཡོངས་ལ་ཁྱབ་པ་མ་ཟད་མཐའ་མཚམས་ཤང་དང་གྲོང་རྡལ་དུ་རིམ་བཞིན་ཁྱབ་སྤེལ་བཏང་ཡོད། ཁོངས་གཏོགས་ཁུལ་གྱི་དངུལ་རྩའི་སྒྲིག་གཞིའི་ཁ་པར་དངུལ་ཁང་དང་དྲ་ཐོག་དངུལ་ཁང་སོགས་དངུལ་རྩའི་APP“རྒན་རྒོན་ལ་འཚམ་པ”སོགས་སྒྱུར་བཀོད་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། སྤྱི་པའི་ཞབས་ཞུ་དང་དམངས་ཕན་ཞབས་ཞུ་བསྒྲུབ་ཡུལ་དུ་དྲ་ཐོག་གཏོང་སྤྲོད་ཀྱི་རྩ་གཉིས་བཤེར་རྟགས་ཚོང་དུད་ཚང་མར་ཁྱབ་པ་དང་། དངུལ་ལེན་ཞབས་ཞུ་གྲོང་ཚོ་ཚང་མར་ཁྱབ་པ། ཁ་པར་དངུལ་ཁང་དུད་ཚང་ཚང་མར་ཁྱབ་པ་བཅས་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།