དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བྲག་ཡིབ་ཆུས་ཀྱི་དཔལ་འབྱོར་ནགས་ཤིང་འདེབས་འཛུགས་ཀྱི་སྤུས་འབྲས་ལེགས་གཉེར་རྣམ་གྲངས་སྐྲུན་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-04-17

    གསར་འགོད་པས་བྲག་ཡིབ་ཆུས་ནགས་ཤིང་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར། བྲག་ཡིབ་ཆུས་ཀྱི་དཔལ་འབྱོར་ནགས་ཤིང་འདེབས་འཛུགས་ཀྱི་སྤུས་འབྲས་ལེགས་གཉེར་རྣམ་གྲངས་དངོས་སུ་ལས་འགོ་ཚུགས་པ་དང་ཨར་ལས་ཚན་པ་ལས་ཡུལ་དུ་བསྐྱོད་ནས་རྣམ་གྲངས་འཛུགས་སྐྲུན་ལ་རྗེས་བསྙེགས་ལྟ་སྐུལ་བྱས་ཤིང་། སྔོན་དཔག་བྱས་ན་ཟླ་8པར་རྣམ་གྲངས་ཚང་མ་ལེགས་འགྲུབ་བྱ་རྒྱུ་རེད།

    བྲག་ཡིབ་ཆུས་ཀྱི་2023ལོའི་ལོ་འཁོར་གྱི་དཔལ་འབྱོར་ནགས་ཚལ་འདེབས་འཛུགས་ཀྱི་སྤུས་འབྲས་ལེགས་གཉེར་རྣམ་གྲངས་ཀྱི་འཛུགས་སྐྲུན་གཙོ་བོ་ནི་དཔལ་འབྱོར་ནགས་ཤིང་འདེབས་འཛུགས་དང་སྤུས་འབྲས་ལེགས་གཉེར་དང་དེ་བཞིན་ལེ་ལག་ཞོར་གཏོགས་སྒྲིག་བཀོད་བསྐྲུན་རྒྱུ་དང་འདེབས་འཛུགས་རྒྱ་ཁྱོན་མུའུ་190ཟིན་པར་ཁམ་སྡོང་རྐང་1219དང་། ཀུ་ཤུའི་སྡོང་པོ་ཁྲི་2.5 ལོ་གསུམ་ཁམ་སྡོང་རྐང་389སོགས་འདེབས་རྒྱུ་ཡིན་པ་རེད།

    རྣམ་གྲངས་དེ་བསྐྲུན་རྗེས། ས་གནས་དེ་གའི་ཞིང་འབྲོག་པའི་ལས་ཞུགས་ལ་སྐུལ་མ་ཐེབས་རྒྱུ་མ་ཟད། ཞིང་འབྲོག་པའི་དཔལ་འབྱོར་ཡོང་འབབ་ཀྱང་འཕར་རྒྱུ་རེད། དེ་དང་ཆབས་ཅིག་རྣམ་གྲངས་བསྐྲུན་རིང་ཞིང་འབྲོག་པ་སྒྲིག་འཛུགས་བྱས་ནས་འབྲས་ཤིང་འདེབས་གསོ་དང་གཡོག་བྱེད་ལག་རྩལ་བསླབ་སྟེ་ཞིང་འབྲོག་པའི་ལས་ཀའི་རྩལ་ནུས་མཐོ་རུ་གཏོང་རྒྱུ་རེད། རྣམ་གྲངས་བསྐྲུན་ནས་ལོ་གསུམ་སོང་རྗེས། ཤིང་འབྲས་ཐོན་རྫས་མཁོ་འདོན་བརྟན་པོ་ཐུབ་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་མང་དུ་འགྲོ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།