དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོང་གསེབ་ཏུ་ཁྱིམ་ཚང་སློབ་གསོའི་ཆེད་དོན་འཆད་ཁྲིད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-04-17

    ཉེ་ཆར། ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྟག་རྩེ་ཆུས་ཐང་དཀར་ཤང་དང་ཆུ་མདའ་གྲོང་ཚོར་ཁྱིམ་ཚང་སློབ་གསོའི་ཆེད་དོན་འཆད་ཁྲིད་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་ཁྱིམ་ཚང་སློབ་གསོའི་འཆད་ཁྲིད་དགེ་རྒན་ཚོགས་པའི་འཆད་ཁྲིད་དགེ་རྒན་ཚེ་ཟླ་བས་ས་གནས་ས་ཐོག་ཏུ་དཔེ་མཚོན་དྲངས་ནས་སྤེལ་རེས་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། ངང་རྒྱུད་རིང་པོ་ཡོང་བ་ཇི་ལྟར་བྱེད་པ་དང་། ཕྲུ་གུ་དང་འབྲེལ་བ་དམ་ཟབ་ཡོང་བ་ཇི་ལྟར་བྱེད་པ། ངག་སློབ་དཔེ་སྟོན་ཇི་ལྟར་བྱེད་པ་སོགས་ཐད་ཀྱི་ཉམས་མྱོང་དང་བྱ་ཐབས་ཁྱིམ་བདག་ཚོར་མཉམ་སྤྱོད་བྱས་པ་རེད། ཁྱིམ་བདག་གིས་ཕྲུ་གུའི་སློབ་གསོའི་གནད་དོན་ལ་ཚན་རིག་དང་མཐུན་པའི་ལྟ་སྟངས་འཛིན་པ་དང་ཐག་གཅོད་བྱེད་པར་ཁྲིད་སྟོན་བྱས་པ་དང་ཕྲུ་གུའི་རང་སྐྱ་འཕེལ་ནུས་ཆེ་རུ་བཏང་སྟེ། ཕྲུ་གུར་ཡང་དག་པའི“ལྟ་བ་གསུམ”དང་མི་ཚེའི་རྣམ་འགྱུར་སྐྱེད་སྲིང་བྱེད་རོགས་བྱས་པ་དང་འབྲེལ། སློབ་གྲྭའི་བརྙས་བཅོས་དོན་རྐྱེན་ཐག་གཅོད་ཡང་དག་ཇི་ལྟར་བྱེད་པའི་ཐད་དགེ་རྒན་དང་ཁྱིམ་བདག་ལ་འགྲེལ་བཤད་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།