དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་གློག་སྒུལ་སྦག་སྦག་གི་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-04-17

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་གློག་སྒུལ་འཁོར་རིགས་ཀྱི་བདེ་འཇགས་ལ་གཅིག་སྡུད་ཐོག་ཆེད་དོན་ཞིབ་བཤེར་བྱས་པ་དང་། འཁོར་རྒྱུག་ཁྱབ་ཁོངས་ཀྱི་གློག་སྒུལ་སྦག་སྦག་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ། གློག་སྒུལ་སྦག་སྦག་གི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་ནུས་ལྡན་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཆེད་དོན་ཞིབ་བཤེར་ཁྲོད། གློག་སྒུལ་སྦག་སྦག་ལ་ཐོན་རྫས་ཀྱི་སྤུས་ཚད་ཚད་ལོན་ལག་ཁྱེར་དང་བཙན་ཤེད་རང་བཞིན་གྱི་ཐོན་རྫས(CCC)ཀྱི་བདེན་དཔང་ཡོད་མེད་དང་། ཐོན་རྫས་ཀྱི་ཤོག་བྱང་དང་། གློག་རྫས། གློག་གསོག་འཕྲུལ་ཆས་བཅས་ཚད་གཞིའི་བླང་བྱ་དང་མཐུན་ཡོད་མེད། ཟོག་འཐེན་དཔྱད་བཤེར་ལམ་ལུགས་དོན་འཁྱོལ་བྱས་ཡོད་མེད། དངོས་ཟོག་འཐེན་པ་དང་ཚོང་བའི་རྩིས་ཁྲ་འཐུས་ཚང་ཡོད་མེད་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་དུ་ཞིབ་བཤེར་བྱས་ནས་ལག་ཁྱེར་མེད་པར་འཚོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ཚད་གཞི་ལོན་མེད་པ། “C3”བདེན་དཔང་མེད་པ། ཁྲིམས་དང་མ་མཐུན་པར་སྒྲིག་བཟོ་བྱེད་པ་སོགས་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་རེད།

    དེ་དང་ཆབས་ཅིག ཚད་ལྡན་གཉེར་སྐྱོང་དྲིལ་བསྒྲགས་བྱས་ནས་འབྲེལ་ཡོད་ཚོང་པར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོན་རྫས་ཀྱི་སྤུས་ཚད་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེན་དཔང་ར་སྤྲོད་ཁས་ལེན་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པ་རེད། ཞིབ་བཤེར་བྱེད་རིང་། འབྲེལ་ཡོད་ཚོང་པ་དང《གློག་སྒུལ་སྦག་སྦག་བྲིན་ཚོང་ལས་རིགས་ཀྱི་རང་གཅུན་ཚད་ལྡན་གཉེར་སྐྱོང་ཁས་ལེན་ཡི་གེ》བཞག་པ་རེད།

    མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་གཉེར་སྐྱོང་ཁེ་ལས་132ལ་ཞིབ་བཤེར་བྱས་པ་དང་ཁས་ལེན་ཡི་གེ་92བཞག་པ་རེད། ཞིབ་བཤེར་བྱེད་རིང་། གཉེར་སྐྱོང་ཁེ་ལས་28ལ་བྲིན་ཚོང་རྩིས་ཁྲ་འཐུས་ཚང་མེད་པ་སོགས་ཀྱི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་ནས། དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་བཀའ་རྒྱ་བཏང་བ་དང་འབྲེལ། ཁོངས་གཏོགས་ལ་དག་ཐེར་དོན་འཁྱོལ་བྱ་རྒྱུར་རྩིས་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།