ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
ད་ཕན་ལོ་ཤས་རིང་། ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་གིས“དོན་ཆེན་བཞི”ལ་དམིཌ་པ་དང“འཛུགས་གཏོད་བཞི”ལ་ཤུགས་བརྒྱབ་ནས། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་རྒྱུ་དེ་ཚལ་གུང་ཐང་ཁྲོམ་གཞུང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བརྩིས་ཏེ། བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་ཤུགས་རྒྱག་སར་ཤུགས་བརྒྱབ་པས། གྲོང་མིའི་ཡོང་འབབ་མང་དུ་ཕྱིན་པ་དང་། འཚོ་བ་སྐྱིད་དུ་ཕྱིན་པ་མ་ཟད་ཐོབ་སྣང་ཡང་ཆེ་རུ་ཕྱིན་ཡོད་པ་རེད།
མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་ནི་ཚལ་གུང་ཐང་ཁྲོམ་གཞུང་གིས་ཐོག་མཐའ་བར་གསུམ་དུ་རྒྱུན་སྲིང་ལྷོད་མེད་ངང་འབད་འཐབ་བྱེད་པའི་དམིགས་ཚད་ཅིག་རེད། དེས་ན་ཚལ་གུང་ཐང་ཁྲོམ་གཞུང་གིས་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ལས་དོན་དེ་སྔ་ཕྱི་བར་གསུམ་དུ་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩི་བ་དང་། གྲོང་ཚོ(སྡེ་ཁུལ)ཁག་གི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་བ། བགོ་འགྲེམས་རྒྱག་པ་བཅས་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱིས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལས་བྱུང་བའི་ཁེ་སྤོགས་ལོངས་སུ་སྤྱོད་ཐུབ་པ་བྱས་ཡོད། མི་རིང་བའི་གོང་། ཁྲོམ་གཞུང་གིས་ད་དུང་དམངས་ཕན་ལོ་གསར་མཁོ་ཆས་ཁྲོམ་ར་བཙུགས་པས། ཁོངས་གཏོགས་ཁུལ་གྱི་ཞིང་པ་མང་ཚོགས་ལ་འབབ་འཕར་གྱི་ཐབས་ལམ་གསར་པ་ཞིག་བཏོད་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་དེ་གའི་ཞིང་པ་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2022ལོའི་སྒོར་30670.98ནས་2023ལོའི་སྒོར་35038.28བར་མང་དུ་སོང་ཞིང་། དུས་མཚུངས་ལས་13.8%འཕར་ཡོད་པ་རེད།