དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛད་རྫས་དངོས་མང་སྟོན་ཚོགས་སྐབས་བཞི་པའི་འགྲེམས་སྟོན་གྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-17

    འཛད་རྫས་དངོས་མང་སྟོན་ཚོགས་སྐབས་བཞི་པ་2024ལོའི་ཟླ་4ཚེས་13ཉིན་ནས་18ཉིན་བར་ཧའེ་ནན་དུ་གཉེར་རྒྱུ་ཡིན་ཞིང་། རྒྱལ་ཁབ་དང་ས་ཁུལ་59ནས་ཡོང་བའི་སྤུས་རྟགས་3000ལྷག་ཙམ་ཞུགས་ཏེ་གོ་ལ་ཧྲིལ་པོའི་དམིགས་བསལ་དང་ཁྱད་ཆོས་ལྡན་པའི་འཛད་རྫས་རྩེ་གྲར་དམིགས་ནས་རྒྱལ་ཁབ་ཕྱི་ནང་གི་ཚོང་ཟོག་དང་ཞབས་ཞུ་སྤུས་ལེགས་གཅིག་ཏུ་འདུ་རྒྱུ་རེད། འཛད་རྫས་དངོས་མང་སྟོན་ཚོགས་ཀྱི་ཚོགས་ར་གཙོ་བོ་ཧའེ་ནན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་ནས་འགྲེམས་ཁང་རྒྱག་པ་དང་། འགྲེམས་གནས་བཀོད་སྒྲིག འགྲེམས་རྫས་དབོར་བ་སོགས་ཀྱི་ལས་དོན་གཅིག་རྗེས་གཉིས་མཐུད་ངང་ལེགས་གྲུབ་ཟིན་པ་མཐོང་ཐུབ། འདི་ནི་ཟླ་4ཚེས་11ཉིན། ཧའེ་ནན་ཞིང་ཆེན་ཧའེ་ཁོའུ་གྲོང་ཁྱེར་དུ་གནས་པའི་ཧའེ་ནན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་ཕྱི་རོལ་གྱི་བཀྲ་ཤིས་གཡང་ནོར་བསྒྲིགས་ཟིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།