དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “རྒྱ་ཆེ་བའི་དངོས་ཡོད་རིང་ལུགས། ཀྲུང་གོ་དང་སི་ཕེན་གྱི་དེང་རབས་ཀྱི་སྣུམ་ཚོན་རི་མོའི་འགྲེམས་སྟོན”སི་ཕེན་དུ་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-17

    ཚེས་12ཉིན་སི་ཕེན་གྱི་མ་ཏེ་རི་གོང་མའི་ཕོ་བྲང་དུ“རྒྱ་ཆེ་བའི་དངོས་ཡོད་རིང་ལུགས། ཀྲུང་གོ་དང་སི་ཕེན་གྱི་དེང་རབས་ཀྱི་སྣུམ་ཚོན་རི་མོའི་འགྲེམས་སྟོན”གཉེར་འགོ་ཚུགས་པ་རེད། སི་ཕེན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡའོ་ཅིང་དང་སི་ཕེན་གྱི་དབུ་བཞུགས་བློན་ཆེན་ལས་ཤག་གི་ཁྲིམས་འཛིན་དང་གྲོས་ཚོགས་འབྲེལ་བའི་བློན་ཆེན་པོ་ལཱ་ཉི་ཨའོ་སི་སོགས་ཀྲུང་གོ་དང་ནུབ་ཕྱོགས་ལས་རིགས་ཁག་གི་སྐུ་མགྲོན་བརྒྱ་ལྷག་ཙམ་དེ་ཉིན་འཚོགས་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

    འགྲེམས་སྟོན་དེ་ནི་སི་ཕེན་གྱི་རྒྱལ་ཁབ་ཤུལ་བཞག་ཅུས་དང་ནུབ་ཕྱོགས་དང་ཀྲུང་གོའི་སྒྱུ་རྩལ་མཁས་ཅན་གྱི་སྤེལ་རེས་སྐུལ་འདེད་ཚོགས་པས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་ཀྲུང་གོ་མཛེས་རྩལ་སློབ་གླིང་གིས་གཉེར་རོགས་བྱས་པ་ཞིག་ཡིན་ཞིང་། ཨན་ཏུང་ཉི་ཨའོ·ལུའོ་ཕེ་སི་དང་། ཅིན་ཧྲང་དབྱི། ཆོན་ཧྲན་ཧྲི་སོགས་སི་ཕེན་དང་ཀྲུང་གོའི་སྒྱུ་རྩལ་མཁས་ཅན་གྲགས་ཅན་བརྒྱ་ཙམ་གྱི་བརྩམས་ཆོས་འདུས་ཡོད་པ་རེད། འགྲེམས་སྟོན་ལས་ཕུན་སུམ་ཚོགས་པའི་ཉམས་འགྱུར་དང་བརྗོད་དོན་གཙོ་བོ་མངོན་པ་མ་ཟད། སྒྱུ་རྩལ་མཁས་ཅན་གྱི་གསོན་ཉམས་དོད་པའི་འབྲི་ལུགས་ལས་དུས་རབས་ཕྱེད་ཀ་ཙམ་རིང་རྒྱལ་ཁབ་གཉིས་པོར་བྱུང་བའི་དངོས་ཡོད་རིང་ལུགས་ཀྱི་རི་མོའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་མཚོན་པར་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།