དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རང་ངོས་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱེད་པར་ལྕག་སྐུལ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧྥ་པི་ཨོ·མཱ་ཞི་མོ·ཕ་ལུན་ཏི།   |     སྤེལ་དུས།  2024-04-17

    ལོ་40ལྷག་ཙམ་གོང་། ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱེད་འགོ་བཙུགས་ཏེ་དུས་ཚོད་ཐུང་ཐུང་ནང་སྐྱེ་བོ་ཀུན་ལ་བག་ཆགས་ཟབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ལ། མིག་སྔར་ཡང་ཀྲུང་གོས་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཟམ་མི་ཆད་པར་ལམ་ལྷོངས་བྱུང་དོན་ནི། ཀྲུང་གོའི་རྒྱལ་བབ་དང་དེ་བཞིན་ལོ་རྒྱུས་རིག་གནས་དང་འཚམ་མཐུན་བྱུང་བས་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཁག་གི་སྔོན་ཐོན་ལག་རྩལ་སྣ་ཚོགས་བསྡུ་ལེན་བྱེད་པ་དང་སྦྲགས་མུན་འཐོམ་ངང་གཞན་གྱི་རྗེས་སུ་འབྲང་རྐྱང་བྱེད་ཀྱི་མེད་པས་ཀྲུང་གོའི་ཁྱད་ཆོས་ཟབ་མོ་ལྡན་ཡོད།

    ཀྲུང་གོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ཡོད། ཀྲུང་གོས་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་གང་ལེགས་འདོན་རྒྱུ་མཐའ་འཁྱོངས་ཀྱིས་སྲིད་གཞུང་གི་ནུས་པ་ལེགས་པར་བཏོན་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་ལེགས་ཆ་གལ་ཆེན་ཞིག་རེད། ཀྲུང་གོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་མི་དམངས་ཚང་མ་མཉམ་དུ་ཕྱུག་པོ་ཆགས་རྒྱུ་དེ་འཕེལ་རྒྱས་ཀྱི་དམིགས་ཚད་དུ་བརྩིས་ཡོད། ཀྲུང་གོས་དུས་བཀག་བཞིན་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པའི་དམིགས་ཚད་མངོན་འགྱུར་བྱས་ཤིང་། དེ་ནི་གྲུབ་འབྲས་ཧ་ཅང་ཆེན་པོ་ཞིག་རེད། ཀྲུང་གོས་ཐབས་ཇུས་དང་འཕེལ་རྒྱས་ཀྱི་ཕན་འབྲས་ཆེ་རུ་ཟམ་མི་ཆད་པར་གཏོང་བ་དང་སྦྲགས་སྤྱི་ཚོགས་ཀྱི་ཚོགས་སྤྱི་མི་འདྲ་བར་མཐུན་སྒྲིལ་གང་ཐུབ་ཡོང་བ་བྱས་ཡོད།

    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛམ་གླིང་ལ་འབྲེལ་མཐུད་བྱས་ཏེ་གཉིས་ཁེ་གཉིས་ཕན་ཡོང་བར་བྱས་ཤིང་། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཀྲུང་གོས་རྒྱུན་ཆད་མེད་པར་འཛམ་གླིང་གི་དཔལ་འབྱོར་མ་ལག་ནང་མཉམ་འདྲེས་ཡོང་བ་བྱས་ལ་ལོ་འདི་དག་ནང་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་སྔར་བཞིན་30%ཡས་མས་རྒྱུན་འཁྱོངས་བྱས་པ་མ་ཟད། སྒོ་མོ་རྒྱ་ཆེར་འབྱེད་པའི་བརྒྱུད་རིམ་ཁྲོད་ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་འཕེལ་རྒྱས་ལས་བྱུང་བའི་ཕན་པ་མཉམ་སྤྱོད་བྱས་ཡོད།

    ཀྲུང་གོས་རང་ངོས་ཀྱི་ཁྱད་ཆོས་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་བཙལ་བ་དེས། དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ལ་ལེགས་སྐྱེས་ཆེན་པོ་ཕུལ་བ་མ་ཟད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རང་ངོས་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་ཧུར་ཐག་བྱེད་པར་ལྕག་སྐུལ་ཡང་ཐེབས་པས། དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་ཀྲུང་གོར་གྲུབ་འབྲས་དེ་བས་ཆེ་བ་ཐོབ་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་དཀའ་བའི་རྒྱབ་ལྗོངས་འོག་འཛམ་གླིང་ལ་གཏམ་བཟང་སྔར་བས་མང་བ་སྦྱིན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

    (རྩོམ་པ་པོ་ནི་དབྱི་ཐ་ལིའི་ལུའོ་ལུན་ཙོ·མེ་ཏི་ཆི་རྒྱལ་སྤྱིའི་འབྲེལ་བ་ཞིབ་འཇུག་ཁང་གི་རིགས་གཅིག་མཁས་ཅན་ཡིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།