དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧྲན་ཏུང་རོང་ཁྲེང་དུ་ཕྱིར་གཏོང་དོས་སྒམ་གྲུ་གཟིངས་བཟོ་བར་བྲེལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-17

    ཉེ་བའི་ལོ་ཤས་རིང་། རྒྱལ་སྤྱིའི་མཚོ་འགྲུལ་ཀུང་སིར་ཡན་ལག་དོས་སྒམ་གྲུ་གཟིངས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་དང་། ཧོང་ཧའེ་གྲུ་བཟོ་ཚད་ཡོད་ཀུང་སིས་རྒྱལ་སྤྱིའི་ཁྲོམ་རའི་གོ་སྐབས་དམ་འཛིན་གྱིས་ཞིབ་སྤེལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཡན་ལག་དོས་སྒམ་གྲུ་གཟིངས་ལ་ཕྱི་ཕྱོགས་ཚོང་དོན་གྱི་མངགས་ཐོ་37རག་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཀུང་སི་དེས་ད་ལོ་ཡན་ལག་དོས་སྒམ་གྲུ་གཟིངས་17ཕྱིར་གཏོང་དང་རྩིས་སྤྲོད་ཐུབ་རྒྱུ་རེད། འདི་ནི་ཧྲན་ཏུང་ཞིང་ཆེན་རོང་ཁྲེང་གྲོང་ཁྱེར་ཧོང་ཧའེ་གྲུ་བཟོ་ཚད་ཡོད་ཀུང་སིའི་གྲུ་བཟོ་སར་བཟོ་པ་ཚོས་ནོར་ཝེར་ཕྱིར་གཏོང་བྱེད་པའི་ཡན་ལག་དོས་སྒམ་གྲུ་གཟིངས་བྲེལ་བརྩོན་ཆེན་པོས་བཟོ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།