དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “རི་པིན་གྱི་དམངས་ཚོགས་དེ་བས་མང་བས་དངོས་ཡོད་ཀྱི་ཀྲུང་གོ་མཐོང་ཐུབ་པར་བྱེད་ཀྱི་ཡིན”

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།   ཀུའོ་ཏན། དབྱང་ཀྲི་ཞང་།   |     སྤེལ་དུས།  2024-04-17

    ཚེས་7ཉིན་རི་པིན་གྱི་དངོས་མཚོན་གློག་བརྙན་གྱི་འཁྲབ་ཁྲིད་པ་ཀྲུའུ་ནེ་ལེང་གི་དངོས་མཚོན་གློག་བརྙན《འབྲི་ཆུར་སླར་ཡང་མཉམ་འཛོམས་བྱེད》ཅེས་པ་རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དུ་ཐོག་མར་བསྟན་པས་རི་པིན་གྱི་ལྟད་མོ་བ་བརྒྱ་ལྷག་ཙམ་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད།

    དངོས་མཚོན་གློག་བརྙན་དེའི་ནང་ཀྲུའུ་ནེ་ལེང་གིས་ཚང་མ་འཁྲིད་ནས་ཧྲང་ཧའེ་ནས་ཐོན་ཏེ་འབྲི་ཆུ་བརྒྱུད་པ་དང་། དེའི་ངོགས་ཀྱི་དམངས་ཚོགས་ཚོའི་ལོ་10ཡི་འཚོ་བའི་འགྱུར་ལྡོག་སྐོར་བརྗོད་ནས་ཀྲུང་གོར་ལོ་10ཡི་རིང་འཕོ་འགྱུར་ཆེན་པོ་བྱུང་ཚུལ་མངོན་པར་བྱས་ཡོད།

    “ངས་ཤེས་རྟོགས་བྱུང་བ་ལྟར་ན། གློག་བརྙན་དེ་ནི་རི་པིན་གྱི་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་མང་པོ་ཞིག་ཏུ་དུས་གཅིག་ཏུ་བསྟན་པའི་དངོས་ཡོད་ཀྱི་ཀྲུང་གོ་མཚོན་པའི་དངོས་མཚོན་གློག་བརྙན་ཐོག་མ་དེ་ཡིན་སྲིད”པར་ཕུད་མཛད་སྒོའི་རྗེས་ཀྲུའུ་ནེ་ལེང་གིས་གར་སྟེགས་མདུན་དུ་ལྟད་མོ་བ་དང་མཉམ་འགུལ་བྱས་ཡོད། རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝུའུ་ཅང་ཧའོ་ཡིས་ཀྱང་གར་སྟེགས་ཐོག་བསྐྱོད་ནས“གློག་བརྙན་དེ་ནི་ནང་དོན་གཏིང་ཟབ་པ་དང་རྒན་གཞོན་ཚང་མས་དགའ་པོ་བྱེད་པའི་དངོས་མཚོན་གློག་བརྙན་ཞིག་ཡིན་པའི་བསྔགས་བརྗོད་བྱས་པ་མ་ཟད། དེ་རི་པིན་གྱི་དམངས་ཚོགས་དེ་བས་མང་བས་ལྟ་རྒྱུའི་རེ་བ་ཡོད”ཅེས་བཤད།

    ད་ཐེངས་རི་པིན་གྱི་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་བའི་ཐོག་མའི་བསམ་འདུན་སྐོར་གླེང་སྐབས་ཀྲུའུ་ནེ་ལེང་གིས“ཀྲུང་གོར་རྒྱུས་མངའ་དེ་ཙམ་མེད་པའི་རི་པིན་བ་དང་དེ་བཞིན་རི་པིན་དུ་འཚར་ལོངས་བྱུང་བའི་ཕྱི་ཁོངས་ཀྲུང་གོ་བའི་མི་རབས་གཉིས་པའི་གྲོགས་པོ་ཆུང་ཆུང་ཚོས་ལྟ་བར་ཡོང་རྒྱུའི་རེ་བ་ཡོད། གང་ལགས་ཤེ་ན་གློག་བརྙན་དེའི་ནང་དངོས་ཡོད་ཀྱི་ཀྲུང་གོ་ཞིག་མངོན་ཡོད་པས་ཡིན”ཞེས་བཤད།

    གློག་བརྙན་གྱི་པར་ཕུད་མཛད་སྒོའི་ཐོག་ཧེང་པིན་ཧྲན་ཧྲོའུ་ཀྲུང་ཧྭ་སློབ་གྲྭའི་སློབ་སྤྱི་ཀྲང་ཡན་སུང་ཡང་གློག་བརྙན་ལྟ་བར་སླེབས་ཡོད། ཀྲང་ཡན་སུང་གིས་གསར་འགོད་པར“ངས་སློབ་གྲྭ་ཡོངས་ཀྱི་དགེ་སློབ་900ལྷག་ཙམ་སྒྲིག་འཛུགས་བྱས་ནས་མཉམ་དུ་གློག་བརྙན་དེ་ལྟ་ཐུབ་པ་བྱེད་རྩིས་ཡོད། ཕྲུ་གུ་ཚོས་གློག་བརྙན་དེ་བརྒྱུད་ཀྲུང་གོ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་ཤེས་རྟོགས་ཐུབ་པ་མ་ཟད། ཚི་མུའུ་སོགས་གློག་བརྙན་ནང་གི་མི་སྣའི་ལུས་སྟེང་ནས་མི་ཚེའི་བློ་སྒོ་འབྱེད་དེ་རྒྱང་རིང་གི་ཕུགས་བསམ་འཛུགས་ཐུབ་པའི་ཡིད་ཆེས་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།