དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རུ་ཝང་ཏའི་གནམ་ཐང་གི་ལམ་བུ་གསར་པས་དམངས་ཚོགས་ཀྱི་འཚོ་བ་ལེགས་སུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-17

    རུ་ཝང་ཏའི་པུ་ཀེ་སའེ་ལ་རྒྱལ་སྤྱིའི་གནམ་ཐང་ལམ་གྱི་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་2019ལོའི་ཟླ་3པར་འགོ་ཚུགས་པ་དང་། ཀྲུང་གོ་ལམ་ཟམ་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིས་སྐྲུན་འགན་འཁུར་བ་དང་ལམ་ཐག་ཧྲིལ་པོར་སྤྱི་ལེ་13.8ཟིན་ནས་2022ལོའི་ཟླ་10པར་ཞིབ་བཤེར་རྩིས་ལེན་བྱས་ཡོད། རྣམ་གྲངས་མཇུག་འགྲིལ་རྗེས་རྒྱལ་སྤྱིའི་གནམ་ཐང་ལམ་དེ་ཕྱོགས་གཉིས་ནས་རླངས་འཁོར་གཉིས་འགྲོ་ཐུབ་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་འགྲོ་ལམ་ནས་ཕྱོགས་གཉིས་ནས་རླངས་འཁོར་བཞི་འགྲོ་ཐུབ་པའི་འཁོར་ལམ་དུ་རིམ་སྤོར་སྒྱུར་བཀོད་བྱས་པ་དང་། ལམ་དུམ་ཁག་གཅིག་ཕྱོགས་གཉིས་ནས་རླངས་འཁོར་དྲུག་འགྲོ་ཐུབ་པའི་འཁོར་ལམ་གྱི་ཚད་གཞིར་སླེབས་ནས། ཡུལ་དེའི་འགྲིམ་འགྲུལ་གནོན་ཤུགས་ཞི་ལྷོད་དུ་ནུས་ལྡན་བཏང་ཡོད། ལམ་རྒྱུད་དུ་གསར་སྐྲུན་བྱས་པའི་ཚོང་ཁང་དང་། སྡོད་ཁང་། གཞུང་ལས་ཐོག་ཁང་སོགས་ཡོད་པས་ཡུལ་དེའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད། འདི་ནི་རུ་ཝང་ཏའི་ཁི་ཀ་ལི་ནས་པར་བརྒྱབ་པའི་པུ་ཀེ་སའེ་ལ་རྒྱལ་སྤྱིའི་གནམ་ཐང་ལམ་གྱི་རིམ་སྤོར་སྒྱུར་བཀོད་བྱས་པའི་ལམ་དུམ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།