དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་རྡོ་སོལ་ཐོན་ནུས་གསོག་འཇོག་ལམ་ལུགས་འཛུགས་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-17

    ཉེ་ཆར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས《རྡོ་སོལ་ཐོན་ནུས་གསོག་འཇོག་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་ནས་2027ལོར་སླེབས་སྐབས་རྡོ་སོལ་ཐོན་ནུས་གསོག་འཇོག་ལམ་ལུགས་རགས་ཙམ་བཙུགས་ཏེ་རྡོ་སོལ་ཐོན་ནུས་གསོག་འཇོག་རྣམ་གྲངས་ཁག་གཅིག་བསྐྲུན་རྒྱུར་གོ་རིམ་ལྡན་པའི་སྒོ་ནས་ཞིབ་མཆན་བཀོད་དེ་གཞི་ཁྱོན་ངེས་ཅན་གྱི་བཀོད་གཏོང་ཐུབ་པའི་ཐོན་ནུས་གསོག་འཇོག་ཆགས་པར་བྱེད་དགོས་པ་དང་2030ལོར་སླེབས་སྐབས་ལོ་རེར་ཏུན་དུང་ཕྱུར་3ཙམ་བཀོད་སྒྲིག་ཐུབ་པའི་ཐོན་ནུས་གསོག་འཇོག་ཐུབ་པར་བྱེད་དགོས་ཞེས་བཏོན་ཡོད།

    བསམ་འཆར་ནང་གསལ་པོར་བསྟན་དོན། ཐོན་ནུས་གསོག་འཇོག་རྡོ་སོལ་གཏེར་ཁའི་ཐོན་ནུས་འཆར་འགོད་ནི་རྒྱུན་ལྡན་གྱི་ཐོན་ནུས་དང་གསོག་འཇོག་ཐོན་ནུས་ཆ་ཤས་གཉིས་ལས་གྲུབ་པ་དང་། རྒྱུན་ལྡན་གྱི་ཐོན་ནུས་ནི་འཕྲལ་སྡོམ་མིན་པའི་གནས་ཚུལ་འོག་རྡོ་སོལ་གཏེར་ཁའི་རྒྱུན་ལྡན་ཐོན་སྐྱེད་ཀྱི་ཐོན་ནུས་ལ་ཟེར་བ་དང་། ཁེ་ལས་ཀྱིས་ཁྲོམ་རའི་གནས་ཚུལ་ལ་གཞིགས་ནས་རང་བརྟེན་ངང་ཐོན་སྐྱེད་སྒྲིག་འཛུགས་བྱེད་པ་ལས། རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་ཁྱབ་ཁོངས་ནང་འཇོག་གི་མེད། གསོག་འཇོག་ཐོན་ནུས་ནི་རྒྱུན་གཏན་ཐོན་ནུས་ཀྱི་རྨང་གཞིའི་ཐོག་སྔོན་ཉར་བྱས་པའི་གཞི་ཁྱོན་འོས་འཚམ་དང་སྤྱོད་གོ་ཆེ་བའི་ཐོན་ནུས་ལ་ཟེར་བ་དང་། འཕྲལ་སྡོམ་གྱི་གནས་ཚུལ་འོག་རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་དང་རྒྱུན་གཏན་ཐོན་ནུས་ལ་གཞིགས་ནས་དུས་གཅིག་ཏུ་སྤྱད་དེ་རྡོ་སོལ་གཏེར་ཁའི་ཐོན་སྐྱེད་གོང་འཕེལ་ཡོང་བར་བྱེད་དགོས།

    མཁོ་སྤྲོད་ཀྱི་དུས་བབ་སྤྱི་ཡོངས་དོ་སྙོམས་ནས་ཛ་དྲག་ཏུ་འགྲོ་སྐབས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་རྡོ་སོལ་ཁྲོམ་རའི་མཁོ་སྤྲོད་དང་དེ་བཞིན་རིན་གོང་ལུགས་མཐུན་ལས་བརྒལ་མིན་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས་གསོག་འཇོག་ཐོན་ནུས་གཅིག་གྱུར་བཀོད་སྒྲིག་བྱས་ཏེ་གསོག་འཇོག་ཐོན་ནུས་ཀྱི་འཕྲལ་སྡོམ་གློད་གཏོང་ས་ཁོངས་དང་། ཐོན་སྐྱེད་བཀོད་སྒྲིག་གཞི་ཁྱོན། མཁོ་སྤྲོད་འགན་ལེན་དམིགས་ཚད་སོགས་གཏན་འཁེལ་བྱས་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་བདེ་འཇགས་འགན་ལེན་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།