དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཁང་དམར་རྫོང་གི་མཉམ་ལས་ཁང་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཁག་གིས་སྒོར་ཁྲི་ཆིག་སྟོང་ལྷག་ཙམ་བགོ་འགྲེམས་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-04-17

    གཞི་རིམ་རྩ་འཛུགས་ཀྱི་རང་སྟོབས་ནུས་པ་ཆེ་རུ་གཏོང་བ་དང་། ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་བར་སྔར་བས་སྣེ་ཁྲིད་བཅས་བྱ་ཆེད། ཉིན་ཤས་བསྟུད་མར་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཁག་གིས་བགོ་འགྲེམས་ཀྱི་མཛད་སྒོ་གཅིག་རྗེས་གཉིས་མཐུད་ངང་གཉེར་བ་དང་། མཉམ་ལས་ཁང་60དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་44ཡིས་ཁྱོན་མ་དངུལ་སྒོར་ཁྲི་1324.9བགོ་འགྲེམས་བརྒྱབ་པ་དང་མི་16000ལྷག་ཙམ་ལ་བགོ་འགྲེམས་རགས་པ་རེད།

    བགོ་འགྲེམས་བྱེད་སར་མང་ཚོགས་ཀྱི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་ཚང་མས་མིང་བཀོད་རྗེས་དངུལ་བླངས་ནས་མཉམ་ལས་ཁང་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་མཉམ་དུ་དཔང་པོ་བྱེད་པ་དང་འབྲེལ་ཁེ་བཟང་མཉམ་སྤྱོད་བྱས་པ་རེད།

    གྲོང་མི་དབང་འདུས་ཀྱིས“དེ་རིང་ང་ཚོར་བགོ་འགྲེམས་རགས་པས་ཧ་ཅང་དགའ་པོ་བྱུང་། འདི་ལོ་ང་ཚོའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དེ་བས་ལེགས་སུ་འགྲོ་བ་དང་བགོ་འགྲེམས་དེ་བས་མང་བ་རག་པའི་རེ་བ་ཡོད”ཅེས་བཤད།

    ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་ཁང་དམར་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱས་ཏེ་ཐོན་ལས་གྲུབ་ཆ་ལེཌ་སྒྲིག་གཏིང་ཟབ་བྱེད་པ་དང་། ཐོན་ལས་སྟོབས་ཆེར་གཏོང་བ་དང་། ཞན་ཆ་སེལ་བ། ཉེན་ཁ་འགོག་པ། སྲ་བརྟན་ལ་སྐུལ་འདེད་གཏོང་བ་བཅས་གཙོ་གནད་དུ་བྱས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་སྟེ་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་ཞིག་གཏོད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།