དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • འགྲམ་འགག་སྒོར་འགྲུལ་རྒྱུན་དང་འདུ་འཛི་ ཆེ་བའི་རྣམ་པ་སླར་གསོ་བྱུང་བ།

    དུས་ཚིགས་དང་པོར་རིམ་རྩིས་བྱས་ན་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་10ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-04-17

    གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། 2024ལོའི་དུས་ཚིགས་དང་པོར་བོད་ལྗོངས་འགྲམ་འགག་སྒོར་རིམ་རྩིས་བྱས་ན་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་10ལྷག་ཙམ་ཟིན་ཞིང་། ཟླ་4ཚེས་9ཉིན་བར། བོད་ལྗོངས་འགྲམ་འགག་སྒོར་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་10.8ཟིན་ཏེ། བོད་ཀྱི་འགག་སྒོ་འཛུལ་སྒྲོལ་ལས་སྒོའི་བསྡོམས་འབོར་ཨང་དང་པོར་སླེབས་ནས་སླར་ཡང་འགག་སྒོ་ཆེ་ཤོས་སུ་གྱུར་ཡོད།

    བོད་ལྗོངས་འགྲམ་འགག་སྒོ་ནེ་པ་ལའི་ཁེ་ཏ་ལི་འགག་སྒོ་དང་རི་ཆུ་སྦྲེལ་བ་དང་གཙང་པོས་ཆོད་ཡོད། དེ་ནི་རང་རྒྱལ་དང་ནེ་པ་ལའི་དབར་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་སྤེལ་རེས་བྱེད་པའི་བགྲོད་ལམ་གལ་ཆེ་ཤོས་ཤིག་ཡིན་པ་རེད། འགག་སྒོའི་ནུས་པ་སྔ་ཙམ་སླར་གསོ་ཐུབ་རྒྱུར་རམ་འདེགས་བྱ་ཆེད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ལས་དོན་ཧུར་ཐག་བསྒྲུབས་ནས་འགྲམ་འགག་སྒོ་2023ལོའི་ཟླ་5ཚེས་1ཉིན་ནས་བཟུང“ཕྱོགས་གཉིས་ཀར་དངོས་ཟོག་ཤར་གཏོང”བདེ་བླག་ངང་སླར་གསོ་ཐུབ་པ་དང་། ཟླ་9ཚེས་1ཉིན་ནས་བཟུང་། “འགྲུལ་པ་ཤར་གཏོང”གོ་རིམ་ལྡན་པའི་ངང་སླར་གསོ་ཐུབ་ཡོད། འདི་ལོ་ཚུན་དུ་འགྲམ་འགག་སྒོར་ཉིན་རེར་ཆ་སྙོམས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་1000ལྷག་ཙམ་ཟིན་ཏེ། ད་ཆ་འགག་སྒོར་དེ་སྔོན་ལྟར་འགྲུལ་རྒྱུན་དང་འདུ་འཛི་ཆེ་བའི་རྣམ་པ་སླར་གསོ་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།