དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པ་དང་ཧུང་ཆའོ་གླེང་སྟེགས་ཀྱི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ལྷོ་ཨ་ཧྥེ་རི་ཁར་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-16

    ཟླ་4ཚེས་11ཉིན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཅུས་དང་རྒྱལ་ཁབ་འགྲེམས་ཚོགས་ལྟེ་གནས(ཧྲང་ཧའེ)ཀྱིས་ལྷོ་ཨ་ཧྥེ་རི་ཁའི་གྲོང་ཁྱེར་གཡོད་ཧན་ནེ་སི་པའོ་རུ་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པ་དང་ཧུང་ཆའོ་གླེང་སྟེགས་ཀྱི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་འཚོགས་ཏེ་ས་གནས་དེ་གའི་སྲིད་གཞུང་གི་སྒྲིག་གཞི་དང་། ཁེ་ལས། ཚོང་ལས་མཐུན་ཚོགས་སོགས་ཀྱི་ལས་རིགས་ཁག་གི་མི་སྣར་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པའི་གྲ་སྒྲིག་གནས་ཚུལ་ངོ་སྤྲོད་བྱས་ཡོད།

    ལྷོ་ཨ་ཧྥེ་རི་ཁའི་ཚོང་དོན་དང་། བཟོ་ལས་དང་འགྲན་རྩོད་པུའི་ཕྱིར་གཏོང་སྐུལ་འདེད་སིའི་སྤྱི་ཁྱབ་སི་ཀྲང་གཞོན་པ་ལེ་ལ་ཐུའོ·མཱ་ཐ་པོ་ཀེ་ཡིས། ཀྲུང་གོ་སྲིད་གཞུང་གིས་ནང་འདྲེན་དངོས་མང་སྟོན་ཚོགས་མུ་མཐུད་གཉེར་རྒྱུར་འབད་བརྩོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ལྷོ་ཨ་ཧྥེ་རི་ཁས་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པར་མུ་མཐུད་ཞུགས་འདོད་ཡོད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་འཛམ་གླིང་ལ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པའི་ཀྲུང་གོའི་ལས་སྟེགས་གལ་ཆེན་ཞིག་ཡིན་པའི་ནང་འདྲེན་དངོས་མང་སྟོན་ཚོགས་འཚོགས་པ་དེས་རྒྱལ་ཁབ་ཁག་གི་ཐོན་རྫས་སྤུས་ལེགས་འགྲེམས་སྟོན་དང་། ཚོང་ལས་དྲ་རྒྱ་རྒྱ་སྐྱེད། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ་བཅས་ལ་ཕན་ཐོགས་ཡོད། ཀྲུང་གོ་ནི་ལྷོ་ཨ་ཧྥེ་རི་ཁའི་ཚོང་དོན་རོགས་ཟླ་ཆེ་ཤོས་ཤིག་ཡིན་པས། ལྷོ་ཨ་ཧྥེ་རི་ཁས་ནང་འདྲེན་དངོས་མང་སྟོན་ཚོགས་ལས་སྟེགས་འདི་མུ་མཐུད་ཡག་པོ་སྤྱད་དེ་རྒྱལ་ཁབ་གཉིས་པོའི་དབར་གྱི་མ་འཇོག་མཉམ་ལས་དང་དཔལ་འབྱོར་ཚོང་དོན་འགྲོ་འོང་ཟབ་ཏུ་བཏང་སྟེ་ཚོང་དོན་གྱི་གྲུབ་ཆ་ལེགས་སུ་དང་ཚོང་དོན་གྱི་ཆུ་ཚད་མཐོ་རུ་ཟམ་མི་ཆད་པར་བཏང་སྟེ་ལྷོ་ཨ་ཧྥེ་རི་ཁའི་ཐོན་རྫས་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་འདོན་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།