དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་དཔེ་དེབ་2024ལོའི་ཕ་རི་སིའི་དཔེ་དེབ་དུས་ཆེན་ཐོག་སྟོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-16

    ཚེས་12ཉིན་2024ལོའི་ཕ་རི་སིའི་དཔེ་དེབ་དུས་ཆེན་ཧྥ་རན་སེའི་རྒྱལ་ས་ཕ་རི་སིར་འགོ་ཚུགས་པ་དང་དུས་ཡུན་ཉིན་གསུམ་གཉེར་རྒྱུ་ཡིན་པ་རེད། ཀྲུང་གོའི་དཔེ་དེབ་1150དཔེ་དེབ་དུས་ཆེན་ཐོག་འགྲེམས་འཚོང་བྱས་པའི་ནང་ཧྥ་རན་སེའི་དཔར་མ་40%ལས་བརྒལ་ཡོད་པ་རེད།

    པེ་ཅིང་དང་། ཧོ་པེ། ཀྲེ་ཅང། ཧྲང་ཧའེ་སོགས་ས་ཁུལ་ནས་ཡོང་བའི་ཀྲུང་གོའི་དཔེ་སྐྲུན་ཁང་59སྐབས་འདིའི་ཕ་རི་སིའི་དཔེ་དེབ་དུས་ཆེན་ནང་ཞུགས་ནས་དཔེ་དེབ་འགྲེམས་འཚོང་བྱས་པའི་གྲས་སུ་རྩོམ་རིག་དང་། ཀྲུང་གོའི་སྲོལ་རྒྱུན་རིག་གནས། བྱིས་པའི་དཔེ་དེབ་སོགས་རིགས་མང་པོ་ཚུད་ཡོད། ལྟ་སྐོར་བ་མང་པོས་ཀྲུང་གོའི་འགྲེམས་ཁུལ་དུ་ལྟ་སྐོར་བྱེད་བཞིན་དུ་དཔེ་དེབ་ཀློག་པ་དང་དཔེ་དེབ་ཉོ་བར་ཡོང་ཡོད།

    སྐབས་འདིའི་དཔེ་དེབ་དུས་ཆེན་གྱི་ཀྲུང་གོའི་དཔེ་སྐྲུན་འཐུས་མི་ཚོགས་པའི་འགན་འཁུར་བས་ད་ཐེངས་ཀྱི་འགྲེམས་སྟོན་ནང་ཞུགས་པའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་དྲིལ་བསྒྲགས་དང་ངོ་སྤྲོད་བྱེད་པ་དང་། ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ། ཀྲུང་ཧྭའི་རིག་གནས་ཁྱབ་སྤེལ་གཏོང་བ། དེ་བཞིན་ཀྲུང་ཧྥའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བ་གོ་སྐབས་སུ་བྱས་ཏེ། ཀྲུང་ཧྥའི་དབར་གྱི་དཔེ་སྐྲུན་སྤེལ་རེས་མཉམ་ལས་ཕྱོགས་ཡོངས་ནས་ཟབ་ཏུ་བཏང་སྟེ། ཀྲུང་ཧྥའི་ཤེས་དཔལ་སྤེལ་རེས་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་ཡིན་ཞེས་བཤད་པ་རེད།

    དཔེ་དེབ་དུས་ཆེན་རིང་ཀྲུང་ཧྥ་རྒྱལ་ཁབ་གཉིས་ཀྱི་དཔེ་སྐྲུན་ཁང་གིས་ད་དུང་མཉམ་ལས་བྱས་ནས་བྱེད་སྒོ་མང་པོ་སྤེལ་ཡོད། ཆའོ་ཡེ་དང་ཧྲི་དབྱི་ཧྥེང་སོགས་ཀྲུང་གོའི་གྲགས་ཅན་རྩོམ་པ་པོ་བརྒྱད་དཔེ་དེབ་འགྲེམས་སྟོན་བྱ་ཡུལ་དུ་ཡོང་ནས་ཧྥ་རན་སེའི་རྩོམ་པ་པོ་དང་སྤེལ་རེས་བྱས་ཡོད།

    ཕ་རི་སིའི་དཔེ་དེབ་དུས་ཆེན་གྱི་དེ་སྔའི་མིང་ལ་ཕ་རི་སིའི་དཔེ་དེབ་སྤྲོ་གླེང་ཁང་ཞེས་ཟེར་ཞིང་། 1981ལོར་བཙུགས་པ་དང་། ཧྥ་རན་སིའི་དཔེ་སྐྲུན་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ། ཡོ་རོབ་ཀྱི་ལོ་འཁོར་གྱི་སྤྱི་དམངས་རིག་གནས་བྱེད་སྒོ་ཆེ་གྲས་ཀྱི་གྲས་ཤིག་རེད། 2023ལོའི་དཔེ་དེབ་དུས་ཆེན་གྱིས་ལྟ་སྐོར་བ་ཁྲི་10ལྷག་ཙམ་གྱི་ཡིད་དབང་བཀུག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།