དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཆབ་མདོ་གྲོང་ཁྱེར་གྱིས་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་འདོམས་ཀྱི་གཅིག་སྡུད་དྲིལ་བསྒྲགས་ཟླ་བ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-16

    ཟླ་4ཚེས་10ཉིན“ཐེབས་རྩའི་ལྟ་འདོམས་ནང་མཉམ་དུ་ཞུགས་པ་དང་མང་ཚོགས་ཀྱི‘སྲོག་སྐྱོབ་དངུལ’སྲུང་སྐྱོང་ཡག་པོ་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱེད་པའི་ཆབ་མདོ་གྲོང་ཁྱེར་གྱི་2024ལོའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་འདོམས་ཀྱི་གཅིག་སྡུད་དྲིལ་བསྒྲགས་ཟླ་བ་དངོས་སུ་འགོ་ཚུགས་པ་རེད། ཆབ་མདོ་གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུས་དང་། གྲོང་ཁྱེར་སྤྱི་བདེ་ཅུས། གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས། གྲོང་ཁྱེར་མི་དམངས་སྨན་ཁང་སོགས་ཚན་པ་13ས་གནས་ས་ཐོག་གི་དྲིལ་བསྒྲགས་བྱེད་སྒོར་ཞུགས་ཡོད་པ་རེད།

    བྱེད་སྒོ་སྤེལ་བའི་ཉིན་དེར་སྡེ་ཚན་ཁག་གིས་སྲིད་ཇུས་བློ་འདྲི་དང་། མང་ཚོགས་ཀྱི་དོགས་གཞིར་ལན་འདེབས་པ། དྲིལ་བསྒྲགས་ཤོག་བྱང་སྤྲོད་པ། དྲ་ཐོག་ནས་ལན་བརྒྱབ་སྟེ་བྱ་དགའ་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་འདོམས་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་གཏན་འབེབས་གཙོ་གནད་ཐོག་གསལ་འགྲེལ་བྱས་ཏེ། མང་ཚོགས་ལ་ཐུན་མོང་ཐོག་དོ་ཁུར་དང་དེའི་ནང་ཧུར་ཐག་ཞུགས་རྒྱུའི་སྐུལ་མ་བཏང་ནས་སྤྱི་ཚོགས་ཡོངས་ཀྱིས་སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇགས་ལ་རང་འགུལ་ངང་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་ཁྱོན་དྲིལ་བསྒྲགས་དཔྱད་ཡིག་2000ལྷག་ཙམ་དང་དྲིལ་བསྒྲགས་མཁོ་ཆས་2000ལྷག་ཙམ་སྤྲད་པ་དང་། མང་ཚོགས་མི་ཐེངས་200ལྷག་ཙམ་གྱི་བློ་འདྲི་དང་ལེན་བྱས་པ། མང་ཚོགས་མི་ཐེངས་300ལྷག་ཙམ་ལ་ཞབས་འདེགས་ཞུས་པ། ས་གནས་ས་ཐོག་ཏུ་མི་ཐེངས་80ལྷག་ཙམ་ལ་སྨན་བཅོས་འགན་བཅོལ་གྱི་ལས་སྒོ་བདག་སྤྲོད་བྱས་པ་རེད།

    དྲིལ་བསྒྲགས་ཟླ་བའི་རིང་། ཆབ་མདོ་གྲོང་ཁྱེར་གྱི་སྨན་བཅོས་འགན་བཅོལ་ཁོངས་གཏོགས་ཀྱིས་དྲ་ཐོག་དང་དྲ་ཕྱི་བརྒྱུད། སྨན་བཅོས་འགན་བཅོལ་ཐེབས་རྩར་ལྟ་འདོམས་དང་དྲིལ་བསྒྲགས་བྱེད་པའི་ཚ་རླབས་མུ་མཐུད་འཕྱུར་བ་བྱས་ནས། གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་འབྲེལ་ཡོད་མི་སྣའི་ལས་རིགས་ཀྱི་རང་གཅུན་འདུ་ཤེས་དང་། འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཀྱིས་སྨན་བཅོས་འགན་བཅོལ་ཐེབས་རྩ་ཚད་ལྡན་ངང་སྤྱོད་པའི་འདུ་ཤེས། སྤྱི་དམངས་ཡོངས་ཀྱི་ལྟ་སྐུལ་འདུ་ཤེས་བཅས་ཟབ་ཏུ་ཏན་ཏིག་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།