དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱུད་གཅིག་ལམ་གཅིག་གི་གཏམ་རྒྱུད།

    ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཐེག་ཆུང་མེ་འཁོར་གྱིས་གྲོང་ཁྱེར་ལཱ་ཀོ་སིའི་ལྗང་མདོག་འགྲུལ་བཞུད་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧན་ཞུས།   |     སྤེལ་དུས།  2024-04-15

    འདི་ནི་ནི་ཀྲེ་རི་ཡའི་གྲོང་ཁྱེར་ལཱ་ཀོ་སིར་ཐེག་ཆུང་མེ་འཁོར་གྱི་ལམ་ཐིག་སྔོན་པོའི་མེ་འཁོར་ཞིག་གྲུ་ཁའི་བབས་ཚུགས་སུ་སྐྱོད་བཞིན་པ།

    འདི་ནི་དངོས་སྦྱོང་མེ་འཁོར་ཁ་ལོ་བ་ཨ་ཝང་ཀན་སི(གཡས)དང་ཀྲུང་གོའི་དགེ་རྒན་ཝང་ཨའོ་ཧྥེ་ཡིས་ཐེག་ཆུང་མེ་འཁོར་གྱི་ལམ་ཐིག་སྔོན་པོའི་གྲུ་ཁའི་བབས་ཚུགས་ཀྱི་བཀོད་གཏོང་ཁང་དུ་འགྲུལ་བཞུད་གྲངས་གཞི་ཟིན་ཐོར་འགོད་བཞིན་པ།

    འདི་ནི་དངོས་སྦྱོང་མེ་འཁོར་ཁ་ལོ་བ་ཨ་ཝང་ཀན་སི(གཡས)དང་ཀྲུང་གོའི་དགེ་རྒན་ཝང་ཨའོ་ཧྥེ་ཡིས་མེ་འཁོར་མ་བཏང་གོང་ཐེག་ཆུང་མེ་འཁོར་གྱི་ལམ་ཐིག་སྔོན་པོའི་མེ་འཁོར་འཁོར་སྒྲོམ་ནང་གི་དྲོད་སྙོམས་འཕྲུལ་ཆས་ལ་མཉམ་དུ་ཞིབ་བཤེར་བྱེད་བཞིན་པ།

    ཨ་ཝང་ཀན་སི་ནི་ནི་ཀྲེ་རི་ཡ་བ་ཞིག་རེད། ཁོང་2023ལོའི་ཟླ་8པར་ལས་ཀར་ཞུགས་པ་དང་། ཀྲུང་གོ་ཨར་ལས་ཚོགས་པའི་ཆེད་ལས་གསོ་སྦྱོང་དང་ཀྲུང་གོའི་དགེ་རྒན་ཝང་ཨའོ་ཧྥེའི་མཛུབ་ཁྲིད་དང་སྦྱོང་བརྡར་ལས་ལོ་དེ་རང་ལ་ཁོང་རང་དངོས་སྦྱོང་ཁ་ལོ་བར་གྱུར་ཞིང་། འདི་ནི་ནི་ཀྲེ་རི་ཡའི་གྲོང་ཁྱེར་ལཱ་ཀོ་སི་ནས་པར་བླངས་པའི་ཐེག་ཆུང་མེ་འཁོར་གྱི་ལམ་ཐིག་སྔོན་པོའི་དངོས་སྦྱོང་ཁ་ལོ་བ་ཨ་ཝང་ཀན་སི་ཡིན་པ།

    འདི་ནི་འགྲུལ་པ་ཞིག་གིས་ཐེག་ཆུང་མེ་འཁོར་གྱི་ལམ་ཐིག་སྔོན་པོའི་མེ་འཁོར་ནང་རང་པར་རང་ལེན་བྱེད་བཞིན་པ།

    འདི་ནི་ནི་ཀྲེ་རི་ཡའི་གྲོང་ཁྱེར་ལཱ་ཀོ་སིར་ཡུལ་དེའི་སློབ་གྲྭ་ཞིག་གི་དགེ་སློབ་ཚོས་ཐེག་ཆུང་མེ་འཁོར་གྱི་ལམ་ཐིག་སྔོན་པོའི་མེ་འཁོར་ཉམས་ལེན་བྱེད་བཞིན་པ།

    འདི་ནི་ཡུལ་དེའི་སློབ་གྲྭ་ཞིག་གི་སློབ་མ་ཚོས་ཐེག་ཆུང་མེ་འཁོར་གྱི་ལམ་ཐིག་སྔོན་པོའི་མེ་འཁོར་ལ་སྡོད་ཆོག་པའི་གཱ་སྟོན་བཞིན་པ།

    འདི་ནི་ནི་ཀྲེ་རི་ཡའི་གྲོང་ཁྱེར་ལཱ་ཀོ་སིར་མི་རྣམས་ཐེག་ཆུང་མེ་འཁོར་གྱི་ལམ་ཐིག་སྔོན་པོའི་མེ་འཁོར་ལ་སྡོད་པའི་གནས་ཚུལ་ཡིན་པ།

    ཀྲུང་གོ་ཨར་ལས་བཟོ་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས(ཀྲུང་གོ་ཨར་ལས་ཚོགས་པ)སྐྲུན་འགན་འཁུར་བའི་གྲོང་ཁྱེར་ལཱ་ཀོ་སིའི་ཐེག་ཆུང་མེ་འཁོར་གྱི་ལམ་ཐིག་སྔོན་པོའི་རྣམ་གྲངས་ཀྱི་དུས་ཐེངས་དང་པོ་2010ལོའི་ཟླ་7པར་ལས་འགོ་ཚུགས་པ་དང་། 2022ལོའི་ཟླ་12པར་ལས་མཇུག་འགྲིལ་བ། སྤྱིའི་རིང་ཚད་ལ་སྤྱི་ལེ་13ཟིན་པ། བབས་ཚུགས་5བཀོད་སྒྲིག་བྱས་པ། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་80ཇུས་འགོད་བྱས་ཡོད། རྣམ་གྲངས་དེ་2023ལོར་དངོས་སུ་ཚོང་ལས་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད། གྲོང་ཁྱེར་ལཱ་ཀོ་སིའི་ཐེག་ཆུང་མེ་འཁོར་གྱི་ལམ་ཐིག་སྔོན་པོ་གཉེར་སྐྱོང་སྡེ་ཚན་གྱི་གྲངས་གཞི་ལས་མངོན་པ་ལྟར་ན། ཐེག་ཆུང་མེ་འཁོར་གྱི་ལམ་ཐིག་སྔོན་པོ་བདེ་འཇགས་ངང་གཉེར་སྐྱོང་བྱས་ནས་ཟླ་7ཙམ་སོང་ཞིང་། དེའི་རིང་འགྲུལ་སྐྱེལ་མེ་འཁོར་ཐེངས་གྲངས་8500ཙམ་བཏང་བ་དང་དུས་ཚོད་ལྟར་བབས་ཚུགས་སུ་འབྱོར་ཚད་100%ཟིན་པ་མ་ཟད། རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི་94ལྷག་ཙམ་སྐྱེལ་འདྲེན་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཁྱེར་ལཱ་ཀོ་སིའི་ཐེག་ཆུང་མེ་འཁོར་གྱི་ལམ་ཐིག་སྔོན་པོ་ནི་ཀྲུང་གོའི་ཁེ་ལས་ཀྱིས་རང་རྟེན་ཇུས་འགོད་དང་། བཟོ་སྐྲུན། ཨར་སྐྲུན། གཉེར་སྐྱོང་བཅས་བྱས་པའི་ཨ་ཧྥེ་རི་ཁ་ནུབ་རྒྱུད་ས་ཁུལ་གྱི་གློག་རླངས་ཅན་གྱི་གྲོང་ཁྱེར་གྱི་འཁོར་ལམ་འགྲིམ་འགྲུལ་རྣམ་གྲངས་ཐོག་མ་དེ་རེད། ལམ་ཐིག་སྔོན་པོར་སྤྱད་པའི་གློག་ཤུགས་ཀྱི་སྒུལ་ཤུགས་མེ་འཁོར་གྱིས་འགྲུལ་པ་རྣམས་ལ་ལྗང་མདོག་དང་། ཁོར་ཡུག་སྲུང་སྐྱོང་། ནུས་རྒྱུ་གྲོན་ཆུང་བཅས་ཀྱི་འགྲུལ་བཞུད་བྱེད་སྟངས་མཁོ་འདོན་བྱས་པས། གནོད་ཡོད་རླངས་གཟུགས་ཕྱིར་འབུད་བྱེད་ཚད་ཉུང་དུ་ནུས་ལྡན་ཕྱིན་པ་དང་ཨ་ཧྥེ་རི་ཁའི་ལྗང་མདོག་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ཡོད། གཞན་ཡང་། ལམ་ཐིག་སྔོན་པོ་ལས་ལམ་ཐག་ཐུང་དུ་ཕྱིན་པ་དང་གྲོང་མིའི་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་པ་མ་ཟད། གྲོང་ཁྱེར་ལཱ་ཀོ་སིའི་རྣམ་པར་ཡང་འགྱུར་ལྡོག་ཕྱིན་ནས་གྲོང་ཁྱེར་ཆེན་པོ་དེའི་མིང་བྱང་གསར་པར་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།