དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོར་སླེབས་སྐབས་རྒྱལ་ཁབ་ཀྱི་གཙོ་གནད་ཚད་གཞི་ཁག་294བཟོ་བཅོས་ལེགས་གྲུབ་ཟིན་རྒྱུ་ཡིན་པ།

    སྒྲིག་ཆས་དང་འཛད་རྫས་རྙིང་པ་གསར་བརྗེས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-15

    ཉེ་ཆར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་བདུན་གྱིས་མཉམ་འབྲེལ་ཐོག《ཚད་གཞི་མཐོ་རུ་བཏང་ནས་འདྲུད་འཐེན་སྒྲིག་ཆས་དང་འཛད་རྫས་རྙིང་པ་གསར་བརྗེས་ཀྱི་བྱ་སྤྱོད་ཀྱི་ཇུས་གཞི》བཀྲམ་སྟེ་ཚད་གཞི་མཐོ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ནས་ཚད་གཞིར་ཁྲིད་སྟོན་དང་གོ་རིམ་ལྡན་པའི་ངང་མཐོ་རུ་གཏོང་རྒྱུ་མཐའ་འཁྱོངས་དང་། ཚད་གཞི་བསྡུར་བ་དང་ལེགས་གཏོང་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་དང་། ཁོར་ཡུག་སྲུང་སྐྱོང་། བདེ་འཇགས། འཁོར་རྒྱུག་བེད་སྤྱོད་སོགས་ཁྱབ་ཁོངས་ཀྱི་ཚད་གཞི་མགྱོགས་མྱུར་བཟོ་བཅོས་རྒྱག་པ་བཅས་བྱས་ཏེ། 2025ལོར་སླེབས་སྐབས་རྒྱལ་ཁབ་ཀྱི་གཙོ་གནད་ཚད་གཞི་ཁག་294བཟོ་བཅོས་ལེགས་གྲུབ་བྱས་ནས་སྒྲིག་ཆས་དང་འཛད་རྫས་རྙིང་པ་གསར་བརྗེས་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ལུགས་བཏོན་ཡོད།

    བྱ་སྤྱོད་ཇུས་གཞིས་སྒྲིག་ཆས་གསར་བརྗེས་དང་། འཛད་རྫས་རྙིང་པ་གསར་པར་བརྗེ་བ། ཚུར་བསྡུ་དང་འཁོར་རྒྱུག་བེད་སྤྱོད་བཅས་ཕྱོགས་གསུམ་ལ་དམིགས་ནས་ཚད་གཞི་མཐོ་རུ་གཏོང་བའི་ལས་འགན་བཀོད་སྒྲིག་བྱས་པ་སྟེ། གཅིག་ནས་ནུས་རྒྱུ་ཟད་གྲོན་དང་ནུས་འབྲས་ཀྱི་ཚད་གཞི་མགྱོགས་མྱུར་མཐོ་རུ་གཏོང་བ་དང་། སྦགས་བཙོག་དངོས་པོ་འབུད་པའི་ཚད་གཞི་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ། ཐཱན་ཉུང་ལག་རྩལ་གྱི་ཚད་གཞིའི་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ། སྒྲིག་ཆས་ལག་རྩལ་གྱི་ཚད་གཞི་མཐོ་རུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་ཚད་གཞིའི་མཐའ་ཚད་བརྟན་པོ་འཛུགས་པ་བཅས་བྱེད་དགོས་ཤིང་། ད་ལོ་དང་སང་ལོར་རྒྱལ་ཁབ་ཀྱི་གཙོ་གནད་ཚད་གཞི་ཁག་113བཟོ་བཅོས་ལེགས་གྲུབ་བྱས་ནས་སྒྲིག་ཆས་གསར་བརྗེས་ལ་མུ་མཐུད་ཁྲིད་སྟོན་བྱེད་དགོས། གཉིས་ནས་རླངས་འཁོར་གྱི་ཚད་གཞིའི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ཁྱིམ་སྤྱོད་གློག་ཆས་ཀྱི་ཚད་གཞི་གསར་བརྗེས་མགྱོགས་སུ་གཏོང་བ། ཁྱིམ་ཆས་ཐོན་རྫས་ཀྱི་ཚད་གཞིའི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། གསར་དར་འཛད་སྤྱོད་ཀྱི་ཚད་གཞི་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཤིང་། ད་ལོ་དང་སང་ལོར་རྒྱལ་ཁབ་ཀྱི་གཙོ་གནད་ཚད་གཞི་ཁག་115བཟོ་བཅོས་ལེགས་གྲུབ་བྱས་ནས་འཛད་རྫས་རྙིང་པ་གསར་པར་བརྗེ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་དགོས། གསུམ་ནས་ལྗང་མདོག་ཇུས་འགོད་ཀྱི་ཚད་གཞི་བཟོ་བར་སྐུལ་འདེད་གཏོང་བ་དང་། ཉིས་བརྒྱུད་ཐོན་རྫས་ཉོ་ཚོང་གི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ། ཟོག་རོ་དང་ཐོན་རྫས་རྙིང་པ་ཚུར་བསྡུ་བེད་སྤྱོད་ཀྱི་ཚད་གཞི་མཐོ་རུ་གཏོང་བ། བསྐྱར་སྐྱེས་རྒྱུ་ཆའི་སྤུས་ཚད་དང་བེད་སྤྱོད་ཀྱི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ། ཚུར་བསྡུ་དང་འཁོར་རྒྱུག་བེད་སྤྱོད་ཀྱི་ཚད་གཞི་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཤིང་། ད་ལོ་དང་སང་ལོར་རྒྱལ་ཁབ་ཀྱི་གཙོ་གནད་ཚད་གཞི་ཁག་66བཟོ་བཅོས་ལེགས་གྲུབ་བྱས་ནས་ཐོན་ལས་འཁོར་རྒྱུག་ཤར་གཏོང་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་དགོས་པ་བཅས་སོ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།