དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་རབས་གསར་པའི་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་གླེང་སྟེགས་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-15

    འདི་ནི་ཟླ་4ཚེས་12ཉིན། ཅང་སུའུ་ཞིང་ཆེན་དབྱང་ཀྲོའུ་གྲོང་ཁྱེར་ཞུས་ཉིང་མོན་ཁྲོམ་གཞུང་སྡེ་ཁུལ་གྱི་དང་བླངས་པས་སློབ་ཆུང་སློབ་མར་རྒྱལ་ཁབ་བདེ་འཇགས་ཀྱི་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ)

    འདི་ནི་ཟླ་4ཚེས་12ཉིན། ཧྲན་ཏུང་ཞིང་ཆེན་ཐེང་ཀྲོའུ་གྲོང་ཁྱེར་གྱི་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་བརྗོད་དོན་གཙོ་བོའི་སྤྱི་གླིང་དུ་དང་བླངས་པས་སྨྱུག་རོལ་མགྱོགས་གཏམ་ཐོག་ནས་གྲོང་མིར་རྒྱལ་ཁབ་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་12ཉིན་གློག་འཕྲིན་འབྱོར་གསལ། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཨང་དགུ་པ་འཆར་བའི་སྔ་ནུབ་ཏུ་ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱིས་མཛུབ་ཁྲིད་བྱས་པའི་དུས་རབས་གསར་པའི་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་གླེང་སྟེགས་ཚེས་12ཉིན་པེ་ཅིང་དུ་འཚོགས་པ་དང་། དེའི་བརྗོད་དོན་གཙོ་བོ་ནི“སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་སློབ་སྦྱོང་དང་ལག་བསྟར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་དགོས”ཞེས་པ་དེ་རེད།

    འདི་ལོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བཏོན་གནང་ནས་ལོ་10འཁོར་བའི་ལོ་ཞིག་རེད། ཚོགས་ཞུགས་སྐུ་མགྲོན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་བདེ་འཇགས་འགྲོ་ལམ་ཞིག་བཏོད་པས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྱབ་ཁོངས་སུ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ། ཉམས་མྱོང་རྩ་ཆེན་བསགས་ཐུབ་ཡོད་ལ། བདེ་འཇགས་ཆེན་པོའི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་ཡོད་ཅེས་བརྗོད་པ་རེད།

    ཚོགས་ཞུགས་སྐུ་མགྲོན་གྱིས་རྒྱལ་ཁབ་བདེ་འཇགས་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས་ན་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་དོན་འཁྱོལ་དང་། རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། བདེ་འཇགས་ཀྱི་རྣམ་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འགན་ལེན་བྱེད་དགོས་པ་དང་། ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཕན་ཚུན་མཉམ་འགུལ་མཐའ་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྐུལ་འདེད་གཏོང་བ་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱས་ནས་འཕེལ་རྒྱས་དང་བདེ་འཇགས་སྐབས་བསྟུན་དོ་མཉམ་དང་གཅིག་བརྟེན་གཅིག་རོགས་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    གླེང་སྟེགས་རིང་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཤེས་བྱའི་ཡིག་གཟུགས་དང་། རི་མོ། པར་རིས་བཅས་ཀྱི་འགྲན་བསྡུར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།