དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོར་རླངས་འཁོར་ཕྱིར་འཚོང་བྱེད་ཚད་དུས་མཚུངས་ལས་10.6%འཕར་བ།

    ནུས་རྒྱུ་གསར་པའི་རླངས་འཁོར་རྒྱལ་ནང་དུ་འཚོང་ཚད་དུས་མཚུངས་ལས་33.3%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-14

    ཉེ་ཆར་ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་དུས་ཚིགས་དང་པོར་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཚད་ཁྲི་660.6དང་ཁྲི་672སོ་སོར་ཟིན་པ་དེ་དུས་མཚུངས་ལས་6.4%དང་10.6%སོ་སོར་འཕར་ཞིང་། ནུས་རྒྱུ་གསར་པའི་རླངས་འཁོར་རྒྱུན་མཐུད་མགྱོགས་མྱུར་འཕར་ནས་རླངས་འཁོར་ཧྲིལ་པོ་ཕྱིར་གཏོང་བྱེད་ཚད་ཅུང་མཐོ་བའི་ཆུ་ཚད་རྒྱུན་འཁྱོངས་ཐུབ་ཡོད།

    འགྲུལ་སྐྱེལ་རླངས་འཁོར་དང་ཚོང་སྤྱོད་རླངས་འཁོར་གྱི་ཐོན་སྐྱེད་དང་ཕྱིར་འཚོང་གཉིས་ཀ་ཡག་པོ་བྱུང་ཞིང་། དཔྱིད་གསར་དུས་ཆེན་གྱི་རྗེས་སུ་རླངས་འཁོར་གསར་པ་འབོར་ཆེན་ཁྲོམ་རར་བཏོན་པ་དང་། རླངས་འཁོར་འགྲེམས་སྟོན་སོགས་དྲ་ཕྱིའི་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་བ། ས་ཁུལ་ཁག་གཅིག་ཏུ་རླངས་འཁོར་རྙིང་པ་དང་གསར་པ་བརྗེ་བ་སོགས་ཀྱི་བྲིན་སྐུལ་སྲིད་ཇུས་བཏོན་པས། དུས་ཚིགས་དང་པོར་འགྲུལ་སྐྱེལ་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཚད་ཁྲི་560.9དང་ཁྲི་568.7སོ་སོར་ཟིན་པ་དེ་དུས་མཚུངས་ལས་6.6%དང་10.7%སོ་སོར་འཕར་ཡོད། ཚོང་སྤྱོད་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཚད་ཁྲི་99.7དང་ཁྲི་103.3སོ་སོར་ཟིན་པ་དེ་དུས་མཚུངས་ལས་5.1%དང་10.1%སོ་སོར་འཕར་བའི་ཁྲོད་འགྲུལ་སྐྱེལ་རླངས་འཁོར་དང་ཟོག་འདྲེན་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཚད་གཉིས་ཀ་འཕར་ཡོད་པ་རེད།

    ནུས་རྒྱུ་གསར་པའི་རླངས་འཁོར་མུ་མཐུད་མགྱོགས་མྱུར་འཕར་ཞིང་། དུས་ཚིགས་དང་པོར་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཚད་ཁྲི་211.5དང་ཁྲི་209སོ་སོར་ཟིན་པ་དེ་དུས་མཚུངས་ལས་28.2%དང་31.8%སོ་སོར་འཕར་ནས་ཁྲོམ་རའི་བཟུང་ཚད་31.1%ཟིན་ཡོད། རྒྱལ་ནང་དུ་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་འཚོང་བྱེད་ཚད་ཁྲི་178.3ཟིན་པ་དེ་དུས་མཚུངས་ལས་33.3%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།