དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི“བུད་མེད་ཀྱིས་གྲོང་གསེབ་ཏུ་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི”དཔེ་སྟོན་བྱེད་སྒོ་ཐོག་མ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-14

    ཉེ་ཆར། གསར་འགོད་པས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱས་པར། རྒྱལ་ཡོངས་ཀྱི“བུད་མེད་ཀྱིས་གྲོང་གསེབ་ཏུ་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི”བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་དང་འབྲེལ། ཧྲའན་ཤིས་ཞིང་ཆེན་ལན་ཀའོ་རྫོང་ཧུང་ཏ་གྲོང་ཚོར་དཔེ་སྟོན་བྱེད་སྒོ་ཐོག་མ་སྤེལ་བ་རེད། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁོངས་མི་དང་། ཁྲིམས་ལུགས་ཁྱབ་གདལ་འཆད་ཁྲིད་དགེ་རྒན་ཚོགས་པ། བུད་མེད་དང་བླངས་པ། གྲོང་གསེབ་ཀྱི“བཅའ་ཁྲིམས་ཤེས་མཁན”གྲོང་གསེབ་ཀྱི་ཁྲིམས་སྦྱོང་ཁྲིམས་སྤྱོད་དཔེ་སྟོན་དུད་ཚང་སོགས་ཞིང་ནང་དང་མུ་ཁར་བསྐྱོད་དེ། གྲོང་གསེབ་ཀྱི་བུད་མེད་དང་དུད་ཚང་ལ་བཅའ་ཁྲིམས་ཤེས་བྱ་དང་ཁེ་དབང་སྲུང་སྐྱོང་གི་ཤེས་བྱ་སྒྲོག་འགྲེལ་བྱས་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་གྲོང་གསེབ་ཀྱི་བུད་མེད་མང་ཚོགས་ཀྱིས་གཉེན་སྒྲིག་རྒྱུ་ནོར་གྱི་རྩོད་གཞི་དང་། ཁྱིམ་ཚང་གི་གཏུམ་སྤྱོད། ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་ཐབས་སོགས་ཐད་ཀྱི་དྲི་བ་བཏོན་པར་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་གྲོང་གསེབ་ཀྱི“བཅའ་ཁྲིམས་ཤེས་མཁན”ལ་མཛུབ་ཁྲིད་བྱས་ཏེ་དཔང་རྟགས་ནུས་ལྡན་འདོན་པ་དང་། བཅའ་ཁྲིམས་སྤྱོད་པ། ཁྲིམས་མཐུན་གོ་རིམ་སོགས་ཀྱི་ཐད་ནས་ལན་བཏབ་པ་རེད། ཁ་བསླུས་སྔོན་འགོག་དང་། ཕྱིར་གླ་པ་རྒྱུག་མཁན་གྱི་བདེ་འཇགས་ལ་དོ་སྣང་། ཁྱིམ་སྲོལ་གསར་པ་འཛུགས་གཏོད་སོགས་ཀྱི་བརྗོད་གཞིར་དམིགས་ཏེ་བྱེད་སྒོས་ཡུལ་ལྗོངས་རྣམ་པའི་ཟློས་གར་དང་བྱ་དགའ་ཡོད་པའི་དྲིས་ལན་སོགས་ཀྱི་བྱ་ཐབས་བརྒྱུད་རྒྱ་ཆེའི་གྲོང་གསེབ་ཀྱི་བུད་མེད་དང་དུད་ཚང་ལ་ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་། གནད་དོན་འཕྲད་དུས་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་བྱེད་དུས་ཁྲིམས་སྤྱོད་པ། འགལ་ཟླ་སེལ་བར་ཁྲིམས་ལ་བརྟེན་པ་བཅས་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི“བུད་མེད་ཀྱིས་གྲོང་གསེབ་ཏུ་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི”བྱེད་སྒོ་དེ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་། ཁྲིམས་འཛིན་པུའུ། ཞིང་ལས་གྲོང་གསེབ་པུའུ་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་ཡིན་པས་ཁྱད་ཆོས་ལྡན་པ་དང་མང་ཚོགས་དང་བར་ཐག་ཉེ་བའི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་ས་གནས་ཁག་ཏུ་ལོ་ཧྲིལ་པོ་སྤེལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།